སྟོན་ལོ། སྟོན་ལོ། སྟོན་ལོ།

གླིང་བུ།༼མཚོ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-16


ཕྱི་རོལ་ཏུ་སུ་ཞིག་གིས་ཁ་རོག་གེར་ངུ་ཤུམ་རྒྱག་གིན་འདུག
ང་སྒེའུ་ཁུང་གི་འགྲམ་དུ་བཅར་ནས་ངུ་ཤུམ་རྒྱག་དོན་ལ་མནོ་བསམ་ཡང་ཡང་བྱས
 
སྒེའུ་ཁུང་གི་ཁ་གཏད་དུ་འགྲེང་བའི་ཆང་བ་ལིའི་སྡོང་བོ་དེས
སྙིང་ཉེ་སུ་ཞིག་གི་སླད་དུ་མིག་ཆུ་སེར་བོ་གཏོང
 
རླུང་གི་གཤོག་པས་དེ་རིང་གི་ཡོད་ཚད་རྒྱང་རིང་ལ་འཁུར
རླུང་གི་གཤོག་པས་ཁ་སང་གི་དྲན་པ་དག་ཕྱིར་འཁྱེར་ཡོང
 
ལོ་མའི་ཤུ་སྒྲ་ནི
ཆ་མི་མཉམ་པའི་འཇམ་སྙན་རོལ་དབྱངས་ཤིག་སྟེ
སུའི་གློ་སྙིང་གི་བར་ལ་ལྗིད་ཏིག་གེར་ལྷུང་ཞིང་
ཁེར་རྐྱང་གི་གདུང་བ་དང་བརྒྱུས་ནས་རིང་དུ་བསྲིངས
 
སྙིང་ཉེ་བའི་སྟོན་ལོ་ཨང་
ཁྱོད་ཀྱི་ཕ་མ་གང་དུ་བཞུགས  ཁྱོད་ཀྱི་ཕུ་ནུ་གང་ན་ཡོད
བར་སྐབས་འདིར
ངའི་མནོ་བསམ་གྱི་གཤོག་པ་ཁྱོད་ཀྱི་སླད་དུ་ཐོགས་པ་གཏན་ནས་མིན
 
རྒྱང་རིང་གི་མཁའ་མཐའ་ནས་སྐར་མའི་མིག་ཟུང་ལྷེམ་ལྷེམ་འགུལ
དེ་ནི་ངའི་སྙིང་ཉེ་བའི་ཕ་ཡུལ་ཡིན་ནམ
དེར་མཐུད་ནས་ངས་ཕ་མ་དྲན་བྱུང  མིང་སྲིང་དག་དྲན་བྱུང་
                ༢༠༡༢  ༡༠  ༡ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ལོ། སྟོན་ལོ། སྟོན་ལོ།

2012-10-16 གླིང་བུ།༼མཚོ་ལྷོ༽ ཀློག་གྲངས། མཆན ཡོད།


ཕྱི་རོལ་ཏུ་སུ་ཞིག་གིས་ཁ་རོག་གེར་ངུ་ཤུམ་རྒྱག་གིན་འདུག
ང་སྒེའུ་ཁུང་གི་འགྲམ་དུ་བཅར་ནས་ངུ་ཤུམ་རྒྱག་དོན་ལ་མནོ་བསམ་ཡང་ཡང་བྱས
 
སྒེའུ་ཁུང་གི་ཁ་གཏད་དུ་འགྲེང་བའི་ཆང་བ་ལིའི་སྡོང་བོ་དེས
སྙིང་ཉེ་སུ་ཞིག་གི་སླད་དུ་མིག་ཆུ་སེར་བོ་གཏོང
 
རླུང་གི་གཤོག་པས་དེ་རིང་གི་ཡོད་ཚད་རྒྱང་རིང་ལ་འཁུར
རླུང་གི་གཤོག་པས་ཁ་སང་གི་དྲན་པ་དག་ཕྱིར་འཁྱེར་ཡོང
 
ལོ་མའི་ཤུ་སྒྲ་ནི
ཆ་མི་མཉམ་པའི་འཇམ་སྙན་རོལ་དབྱངས་ཤིག་སྟེ
སུའི་གློ་སྙིང་གི་བར་ལ་ལྗིད་ཏིག་གེར་ལྷུང་ཞིང་
ཁེར་རྐྱང་གི་གདུང་བ་དང་བརྒྱུས་ནས་རིང་དུ་བསྲིངས
 
སྙིང་ཉེ་བའི་སྟོན་ལོ་ཨང་
ཁྱོད་ཀྱི་ཕ་མ་གང་དུ་བཞུགས  ཁྱོད་ཀྱི་ཕུ་ནུ་གང་ན་ཡོད
བར་སྐབས་འདིར
ངའི་མནོ་བསམ་གྱི་གཤོག་པ་ཁྱོད་ཀྱི་སླད་དུ་ཐོགས་པ་གཏན་ནས་མིན
 
རྒྱང་རིང་གི་མཁའ་མཐའ་ནས་སྐར་མའི་མིག་ཟུང་ལྷེམ་ལྷེམ་འགུལ
དེ་ནི་ངའི་སྙིང་ཉེ་བའི་ཕ་ཡུལ་ཡིན་ནམ
དེར་མཐུད་ནས་ངས་ཕ་མ་དྲན་བྱུང  མིང་སྲིང་དག་དྲན་བྱུང་
                ༢༠༡༢  ༡༠  ༡ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།