གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལའི་སྔས་འགྲམ་ནས།

2012-10-11 18:11:00 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།


ལོ་རྒྱུས་དང་ལོ་རྒྱུས་ཀྱི་ལྟེབ་ཁུག་རིང་མོ་ན །
བྱེ་མའི་ས་རྡུལ་དང་སི་ཁྲོན་ཟ་ཁང་གི་ལྷན་པ།
མི་སེམས་ཁྲི་ཕྲག་གི་གཙང་པོ་ན་འཁྱིལ་བའི །
ཚེར་མའི་མེ་ཏོག་གི་ཚེར་མ་སྣ་ཚོགས།
ད་དུང༌། ལུས་ཁམས་ཀྱི་ཟབ་ས་ན་འཚོ་བའི །
ཁ་རླངས་ཀྱི་ངར་ཤུགས་དང་མི་མངོན་པའི་བརྡབ་གསིག
 
རླུང་ཁ་ན་རྩེན་པའི་ཞོལ་གྱི་རྡོ་རིང་གི་ཡི་གེ་དག
ཆར་ཞོད་དང་ཆར་ཞོད་ཀྱི་ཀློང་ནས་རབ་རིབ་ཏུ་བཏང་བྱུང༌།
ལུས་ཁམས་ཧྲིལ་བོ་ཆ་ཤས་དུ་མར་བཏང་བྱུང༌།
མགོ་ཐོག་གི་སྤྲིན་པ་ནག་པོར་གྱུར་བའམ །
རྐང་འོག་གི་བྱེ་མ་རླུང་གིས་འཕྱོ་བས་ཡིན །
གང་ལྟར།  ལུས་སེམས་ཧྲིལ་བོ་རེ་རེབཞིན་གཅིག་ཏུ་མ་བསྡུས་ན །

ལྷ་བཟོའི་པིར་རྩེ་དང་སྦྱིན་བདག་མའི་ཆང་ཁ་ན་རྩེན་པའི །
ཤེལ་གྱི་ཕོ་བྲང་གསོན་པོ་དེ།      
ངག་གི་ཁ་གཡང་གཙང་མ་དེ།
དུས་མཐའི་བསིལ་རླུང་གིས་དེད་ནས།
ལྷ་སའི་ཞོལ་གྱི་ཡིད་འོང་མ་ཇི་བཞིན།     
དུས་ཀྱི་མཛེས་མས་སྐག་ཚོན་བྱུགས་པ་ཇི་བཞིན །
ནང་མ་ཁང་གི་གྲུ་ཟུར་ཞིག་ན་ཨ་རག་ཧུབ་གང་གིས་བཟི་འདུག
 
ཡུལ་སྐོར་ལྗོངས་རྒྱུ་བའི་པར་ཆས་ནང་ནས།
པུར་རྒྱལ་བཙན་པོའི་བང་སོ་སློག་ཞོར་དུ།
ལོ་རྒྱུས་ཀྱི་ས་བོན་དང་སྲོང་བཙན་གྱི་མངའ་ཐང་ལ།
དམར་སེར་སྔོ་ལྗང་གི་ཚོན་རྩི་གཞན་ཞིག་བྱུགས་ཀྱིན་འདུག
         2012-1-11 སྟོད་ཉི་མ་ལྷ་ས་གྲོང་ཁྱེར་ནས།  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།