གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས། ང་ཡི་ཕ་ཡུལ།

2012-10-10 10:36:00 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།


པོ་ཏ་ལ་བྱ་རྒོད་བཞིན་དགུང་སྔོན་ན་འགྱིངས་ཀྱང་།
སྐྱིད་ཆུ་ཡུགས་མོར་གྱུར་ཏེ་ད་དུང་ངུ་བཞིན་འདུག
ལྷ་ས་ལྷ་ཡི་ཞིང་ཁམས།  ཆོས་ཀྱི་མགྲོན་ས།
གནའ་གཏམ་འདི་ཚོ་བྲག་ཅ་དང་ཡང་ཅར་གྱུར།

ནས་ཆང་ལ་ཕུད་གཏོར་མེད་པར།
སྦི་རག་གི་ལྦུ་བ་དང་ལྷན་དུ།
ཤོ་སྦག་གི་ཧྲག་སྒྲའི་ཁྲོད་ནས།
ག་ལེ་ག་ལེར་བོར་འགྲོ་བའི་ང་ཡི་ཕ་ཡུལ་ལྷ་ས།

བཙན་པོའི་གདུང་རྒྱུད་ཀྱི་ངོ་གདོང་རེ་རེ།
ཕྱི་རོལ་གྱི་ཐལ་རྡུལ་རེ་རེའི་འོག་ནས།
ཁ་སང་། དེ་རིང་། སང་ཉིན།
ནོར་གླིང་གི་མེ་ཏོག་བཞིན་སུ་ཞིག་སྒུག་གིན་ཡོད།
        ༢༠༡༢/༩/༢༦ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།