ཐ་སྙད་ཡང་མོ་འདི་དག་གིས་ཚོར་བ་ལྕི་མོ་ཞིག་བརྗོད་ན།

    __སྤུ་སྐྱེས་བུ་མོའི་ཁག་བཅུ་བ།
དོ་དགོང་གི་ཟླ་བ། ཁྱོད་ཀྱིས་ཞིང་ཁ་ནས་བརྗེད་པའི་ཟོར་བ་ནང་བཞིན།
འདར་ལྕུག་ལྕུག་གི་སྐར་ཚོགས་དབུས་ནས་རྣོ་ངར་གྱིས་འཚེར་དུས།
སྒེའུ་ཁུང་གི་་ཕྱི་རོལ་ལ་ན་ཟུག་དང་དངངས་སྐྲག་གིས་འཚིངས་བའི།
རབ་རིབ་དང་མག་མོག་དེ་དག    བདག་གི་མགྲོན་དུ་སླེབས་བྱུང་།
ཆང་ཕོར་དང་ཆང་ཕོར་གཏུགས་ཅིང་། མཆུ་ཏོ་དང་མཆུ་ཏོ་མཐུད་ནས།
སྐྱུར་ཅིང་མངར་བའི་མིག་ཆུའམ་ཡང་ན་འབག་བཙོག་ཐེབས་པའི་ཙོང་ཆུ་རིང་མོ།
ཁྱོད་ཀྱི་མིད་པ་བརྒྱུད་ནས་བདག་གི་ལྟོ་བར་དྲངས།
 ཐུངས་ཡ།
 ཉིན་འཁོར་སུམ་བརྒྱ་དྲུག་ཅུ་ཕྲེང་རྡོག་རེ་རེ་བཞིན་ཕར་ལ་བགྲངས་ཤུལ་དུ།
འོ་…མིན། ཕ་དམ་པ་ཆང་གིས་བཟི་རུང་།
དོན་དམ་པ་རླུང་ལ་མི་སྐུར།…………
བདག་གི་ཤོག་བུ་དང་སྨྱུ་གུ། ཁྱོད་ནམ་རྒྱུན་ངུ་བ་བཞིན་དོ་དགོང་དགོད་དགོས་དོན་གང་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐ་སྙད་ཡང་མོ་འདི་དག་གིས་ཚོར་བ་ལྕི་མོ་ཞིག་བརྗོད་ན།

2012-10-09 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

    __སྤུ་སྐྱེས་བུ་མོའི་ཁག་བཅུ་བ།
དོ་དགོང་གི་ཟླ་བ། ཁྱོད་ཀྱིས་ཞིང་ཁ་ནས་བརྗེད་པའི་ཟོར་བ་ནང་བཞིན།
འདར་ལྕུག་ལྕུག་གི་སྐར་ཚོགས་དབུས་ནས་རྣོ་ངར་གྱིས་འཚེར་དུས།
སྒེའུ་ཁུང་གི་་ཕྱི་རོལ་ལ་ན་ཟུག་དང་དངངས་སྐྲག་གིས་འཚིངས་བའི།
རབ་རིབ་དང་མག་མོག་དེ་དག    བདག་གི་མགྲོན་དུ་སླེབས་བྱུང་།
ཆང་ཕོར་དང་ཆང་ཕོར་གཏུགས་ཅིང་། མཆུ་ཏོ་དང་མཆུ་ཏོ་མཐུད་ནས།
སྐྱུར་ཅིང་མངར་བའི་མིག་ཆུའམ་ཡང་ན་འབག་བཙོག་ཐེབས་པའི་ཙོང་ཆུ་རིང་མོ།
ཁྱོད་ཀྱི་མིད་པ་བརྒྱུད་ནས་བདག་གི་ལྟོ་བར་དྲངས།
 ཐུངས་ཡ།
 ཉིན་འཁོར་སུམ་བརྒྱ་དྲུག་ཅུ་ཕྲེང་རྡོག་རེ་རེ་བཞིན་ཕར་ལ་བགྲངས་ཤུལ་དུ།
འོ་…མིན། ཕ་དམ་པ་ཆང་གིས་བཟི་རུང་།
དོན་དམ་པ་རླུང་ལ་མི་སྐུར།…………
བདག་གི་ཤོག་བུ་དང་སྨྱུ་གུ། ཁྱོད་ནམ་རྒྱུན་ངུ་བ་བཞིན་དོ་དགོང་དགོད་དགོས་དོན་གང་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།