བརྩེ་བ་ཤབ་ཤུབ།


བདག་ལ་བདག་གི་བསམ་གཞིགས་ཀྱི་ནམ་མཁའ་ཡོད་པས
བདག་གིས་བདག་གི་འཚོ་བར་ཉེ་བའི་སེམས་པ་བཙལ

སྲོད་དུས་སུ་མཁའ་མཐར་རྒྱུ་བའི་ཉི་ནུབ་ཀྱི་མཚམས་སྤྲིན་ལེབ་མོ་
ད་ལོའི་བདག་གི་དྲན་ཚུལ་བཞིན་ཁྲག་དམར་གྱི་གཟུགས་སུ་གྲུབ་དུས
རང་བྱུང་གི་ལྟེབ་གཉེར་ན་རྒྱུ་བའི་རྡུལ་གྱི་ཕུང་བོ་རེ་རེས
བདག་ལ་བདག་ལས་འགོངས་པའི་སུན་པོ་མི་བཟོ་རོགས

སྐར་ཕྲན་སྟོང་ལྡན་གྱི་མཚན་མོའི་ངོ་གདོང་ལ་ཅེར་ནས
བདག་གིས་ཅི་ཞིག་བོར་སོང་བའི་སེམས་པར་ཚང་རྩིས་བྱ་དུས
ཉི་ཟླའི་གཟི་དཔལ་དང་འོད་ཀྱི་དྭངས་མ་ཁོ་ན་མ་བསམ་རོགས
བདག་ནི་གཞི་ནས་ཆུང་ཞིང་ཆུང་བའི་རིགས་སུ་གཏོགས་ཡོད་པས
ཧམ་སེམས་ཀྱི་མདོང་རྩེ་བར་ནས་ནམ་ཡང་ཕྱི་བཤོལ་བྱ་ངེས
 
ལོ་ཟླའི་རྩུབ་བརྡར་གྱི་འབར་གས་ཆེན་མོ
ཡང་ནས་ཡང་དུ་བདག་གི་ཕྱི་གཙང་ནང་གཙང་གི་བྲང་གཞུང་དུ་རྒྱུ་དུས
ལྷོད་འཇགས་སུ་རྒྱུ་བའི་གནའ་བའི་སྦྲ་གུར་ཁོ་ན
འགྱུར་བ་མི་རུང་བའི་སྤྱི་འགྲོས་ཤིག་ཏུ་སེམས་རོགས
 
                                            2012.9.20

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་ཤབ་ཤུབ།

2012-10-02 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།


བདག་ལ་བདག་གི་བསམ་གཞིགས་ཀྱི་ནམ་མཁའ་ཡོད་པས
བདག་གིས་བདག་གི་འཚོ་བར་ཉེ་བའི་སེམས་པ་བཙལ

སྲོད་དུས་སུ་མཁའ་མཐར་རྒྱུ་བའི་ཉི་ནུབ་ཀྱི་མཚམས་སྤྲིན་ལེབ་མོ་
ད་ལོའི་བདག་གི་དྲན་ཚུལ་བཞིན་ཁྲག་དམར་གྱི་གཟུགས་སུ་གྲུབ་དུས
རང་བྱུང་གི་ལྟེབ་གཉེར་ན་རྒྱུ་བའི་རྡུལ་གྱི་ཕུང་བོ་རེ་རེས
བདག་ལ་བདག་ལས་འགོངས་པའི་སུན་པོ་མི་བཟོ་རོགས

སྐར་ཕྲན་སྟོང་ལྡན་གྱི་མཚན་མོའི་ངོ་གདོང་ལ་ཅེར་ནས
བདག་གིས་ཅི་ཞིག་བོར་སོང་བའི་སེམས་པར་ཚང་རྩིས་བྱ་དུས
ཉི་ཟླའི་གཟི་དཔལ་དང་འོད་ཀྱི་དྭངས་མ་ཁོ་ན་མ་བསམ་རོགས
བདག་ནི་གཞི་ནས་ཆུང་ཞིང་ཆུང་བའི་རིགས་སུ་གཏོགས་ཡོད་པས
ཧམ་སེམས་ཀྱི་མདོང་རྩེ་བར་ནས་ནམ་ཡང་ཕྱི་བཤོལ་བྱ་ངེས
 
ལོ་ཟླའི་རྩུབ་བརྡར་གྱི་འབར་གས་ཆེན་མོ
ཡང་ནས་ཡང་དུ་བདག་གི་ཕྱི་གཙང་ནང་གཙང་གི་བྲང་གཞུང་དུ་རྒྱུ་དུས
ལྷོད་འཇགས་སུ་རྒྱུ་བའི་གནའ་བའི་སྦྲ་གུར་ཁོ་ན
འགྱུར་བ་མི་རུང་བའི་སྤྱི་འགྲོས་ཤིག་ཏུ་སེམས་རོགས
 
                                            2012.9.20

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།