ཉི་འོད།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-02


འཐོར་ཞིག་ཏུ་གྱུར་བའི་སྤྲིན་པ་དེ་དག་མཚོ་ཀློང་ནས་བསྐྱར་དུ་འཕྱུར་དུས
དྲན་པར་མཆི་ཞག་འཁོར་བའི་མཁའ་དབྱིངས་ཀྱི་ངོ་གདོང་འདི་སུ་ལ་ཕྱོགས
གདུང་བའི་རི་ལ་ན་བུན་འཁྲིགས་པའི་ཆར་ཟིམ་གྱི་ཀློང་ནས
རྩྭ་ཟིལ་གྱི་དོག་པ་དེ་དག  བརྩེ་བའི་གུར་ཁྱིམ་ན་འོད་ལམ་ལམ

ཉི་འོད་ནི་གདུག་རྩུབ་ཀྱི་ལག་དམར་དང་འདྲ
ཁྱེད་ནི་ཉི་འོད་དང་ལྷན་དུ་ངའི་བྲང་གཞུང་ལ་སླེབས་ཐེངས་རེར
སུ་ལའང་སྟོན་ཆོག་པའི་དམར་ཆུང་གི་སེམས་པ་དེ་འདར་སིག་སིག
ཉི་འོད་ཤེད་ཀྱིས་འཆར    སྣོད་བཅུད་ཀྱི
རོལ་དབྱངས་འཁྱག་ལ་འབྱར
 
ཀྱེ   ངའི་རྐང་པ་ཡ་གཅིག་ཕྱིར་ལ་སྤྲོད་རོགས
འོ་ཇ་ཚ་བོ་ཕོར་བ་གང་དེ་ངས་ཅི་ཕྱིར་འཚོལ
ང་ངའི་ཁྱིམ་ལ་འཛུལ་དུ་ཆུགས
 
སྒོ་རྒྱག་རོགས
ང་ལ་ཉི་འོད་མི་དགོས
ང་ལ་ཉི་འོད་མི་དགོས
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་འོད།

2012-10-02 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།


འཐོར་ཞིག་ཏུ་གྱུར་བའི་སྤྲིན་པ་དེ་དག་མཚོ་ཀློང་ནས་བསྐྱར་དུ་འཕྱུར་དུས
དྲན་པར་མཆི་ཞག་འཁོར་བའི་མཁའ་དབྱིངས་ཀྱི་ངོ་གདོང་འདི་སུ་ལ་ཕྱོགས
གདུང་བའི་རི་ལ་ན་བུན་འཁྲིགས་པའི་ཆར་ཟིམ་གྱི་ཀློང་ནས
རྩྭ་ཟིལ་གྱི་དོག་པ་དེ་དག  བརྩེ་བའི་གུར་ཁྱིམ་ན་འོད་ལམ་ལམ

ཉི་འོད་ནི་གདུག་རྩུབ་ཀྱི་ལག་དམར་དང་འདྲ
ཁྱེད་ནི་ཉི་འོད་དང་ལྷན་དུ་ངའི་བྲང་གཞུང་ལ་སླེབས་ཐེངས་རེར
སུ་ལའང་སྟོན་ཆོག་པའི་དམར་ཆུང་གི་སེམས་པ་དེ་འདར་སིག་སིག
ཉི་འོད་ཤེད་ཀྱིས་འཆར    སྣོད་བཅུད་ཀྱི
རོལ་དབྱངས་འཁྱག་ལ་འབྱར
 
ཀྱེ   ངའི་རྐང་པ་ཡ་གཅིག་ཕྱིར་ལ་སྤྲོད་རོགས
འོ་ཇ་ཚ་བོ་ཕོར་བ་གང་དེ་ངས་ཅི་ཕྱིར་འཚོལ
ང་ངའི་ཁྱིམ་ལ་འཛུལ་དུ་ཆུགས
 
སྒོ་རྒྱག་རོགས
ང་ལ་ཉི་འོད་མི་དགོས
ང་ལ་ཉི་འོད་མི་དགོས
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།