ས་ཁྲ་དམར་པོ།


མར་ལྷུང་ཚེ་འཆི་བས་སྒུག་འདུག
ཡར་འགྲེང་ཚེ་རེ་བས་བལྟམས་འདུག

ཤི་གསོན་གཉིས་ཀྱི་སོ་ཁ་ན་འདར་བའི
དཀར་ནག་གཉིས་ཀྱི་དབྱེ་མཚམས་སུ་ཆགས་པའི
ས་ཡི་དབུ་རྨོག
རླུང་གི་རིམ་པ
ཆུ་ཡི་ཆབ་རྒྱུན
ཡངས་པའི་སྤང་གཞུང

ལོ་རྒྱུས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་ཙ་ན
དཀོན་མཆོག་ལའང་མིག་ཟུང་མི་འདུག
༼ཕར་ལྟ་བྱེད་དེ
ལྡོང་བར་གྱུར་ནས
ལྟ་བྱའི་ཡུལ་དུ་འཁུམས༽

འདས་སོང་ལ་ཁ་དོག་མི་འདུག་ཟེར་ན
ས་ཁྲ་འདི་མེ་ལ་སྦར་ཞིག
དམར་པོའི་ཁྲག་རྒྱུན་ལ་འབར་རྒྱུ་ཞིག་ཡོད་དམ
བདག་མེད་རྣམ་ཤེས་ལ་བདེ་བ་ཞིག་ཡོད་དམ

*སྙན་ངག་པ་ལྗང་བུའི་ཚིག་གཅིག
                          ༢༠༡༢ལོའི་ཟླ༩ཚེས༧ལ།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཁྲ་དམར་པོ།

2012-09-11 ཐོ་རེངས། ཀློག་གྲངས། མཆན ཡོད།


མར་ལྷུང་ཚེ་འཆི་བས་སྒུག་འདུག
ཡར་འགྲེང་ཚེ་རེ་བས་བལྟམས་འདུག

ཤི་གསོན་གཉིས་ཀྱི་སོ་ཁ་ན་འདར་བའི
དཀར་ནག་གཉིས་ཀྱི་དབྱེ་མཚམས་སུ་ཆགས་པའི
ས་ཡི་དབུ་རྨོག
རླུང་གི་རིམ་པ
ཆུ་ཡི་ཆབ་རྒྱུན
ཡངས་པའི་སྤང་གཞུང

ལོ་རྒྱུས་ཀྱི་གོང་བུ་གཅིག་ཏུ་སྒྲིལ་ཙ་ན
དཀོན་མཆོག་ལའང་མིག་ཟུང་མི་འདུག
༼ཕར་ལྟ་བྱེད་དེ
ལྡོང་བར་གྱུར་ནས
ལྟ་བྱའི་ཡུལ་དུ་འཁུམས༽

འདས་སོང་ལ་ཁ་དོག་མི་འདུག་ཟེར་ན
ས་ཁྲ་འདི་མེ་ལ་སྦར་ཞིག
དམར་པོའི་ཁྲག་རྒྱུན་ལ་འབར་རྒྱུ་ཞིག་ཡོད་དམ
བདག་མེད་རྣམ་ཤེས་ལ་བདེ་བ་ཞིག་ཡོད་དམ

*སྙན་ངག་པ་ལྗང་བུའི་ཚིག་གཅིག
                          ༢༠༡༢ལོའི་ཟླ༩ཚེས༧ལ།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།