གྲུ་གཟིངས་དང་སེམས་ཚོར།

           -------- ཁག་དང་པོ།
སྒེའུ་ཁུང་གཅིག་ལས་མེད་པའི་ཁང་མིག་འདིའི་ནང་ནས
སྨྱུ་གུ་དང་སྙན་ངག་པ་མཉམ་དུ་གཟིམས་ལ
སྙན་ངག་པ་དང་སྨྱུ་གུ་གཉིས་མཉམ་དུ་ལངས
 
ཤོག་ངོས་ལས་འདུག་ས་མེད་པའི་སྙན་ངག་པ
སེམས་པའི་ངོས་ལ་ཚོར་བ་རེ་རེ་འབབ་དུས
སྣ་བའི་བུ་ག་ནས་གཡུགས་པའི་སྒྲ་དབྱངས་སྙན་མོ་དེ་དང
སྨྱུ་གུའི་མཆུ་སྒྲོས་ནས་འཕྲེད་ལ་གཏོར་བའི་ནག་རོག་རོག་གི
ཡི་གེ་འདི་དག་ལས་ཅི་ཞིག་འབྱུང་སྲིད
 
སྒེའུ་ཁུང་ངོས་ན་དཔྱངས་པའི་དྲ་ཡོལ་དམར་བོ
སྙན་ངག་པའི་མདུན་ཐད་ཀྱི་ཤོག་བུ་དང་འདྲ་བར
ཕར་ལ་སློག་ཐེངས་རེར
 
འོད་ཟེར་གྱི་གཤོག་པ་ཁུར་བའི་སྤྲིན་པ་ག་ཙམ་ཞིག
ནག་རོག་རོག་གི་ཡི་གེ་དང་འདྲ་བར་གང་ཞིག་ལ་བསྐྱོད་བཞིན་ཡོད
 
ཨ་ག་རུའི་མགོ་ལྕོག་ནས་གྲོལ་བའི
དྲི་བསུང་གི་ཚོགས་པ་འདི་དག
སྙན་ངག་པའི་ཤོག་ངོས་ལ་འབྱར་བའི་ཚོར་བ་དང་འདྲ་བར
སྙན་ངག་པའི་རྣ་ཤེས་ལ་འཐིམ་དུས
སྙན་ངག་པ་སྔ་མོ་ནས་ར་བཟི་བར་གྱུར་འདུག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུ་གཟིངས་དང་སེམས་ཚོར།

2012-08-30 གཅན་གངས་མདའ། ཀློག་གྲངས། མཆན ཡོད།

           -------- ཁག་དང་པོ།
སྒེའུ་ཁུང་གཅིག་ལས་མེད་པའི་ཁང་མིག་འདིའི་ནང་ནས
སྨྱུ་གུ་དང་སྙན་ངག་པ་མཉམ་དུ་གཟིམས་ལ
སྙན་ངག་པ་དང་སྨྱུ་གུ་གཉིས་མཉམ་དུ་ལངས
 
ཤོག་ངོས་ལས་འདུག་ས་མེད་པའི་སྙན་ངག་པ
སེམས་པའི་ངོས་ལ་ཚོར་བ་རེ་རེ་འབབ་དུས
སྣ་བའི་བུ་ག་ནས་གཡུགས་པའི་སྒྲ་དབྱངས་སྙན་མོ་དེ་དང
སྨྱུ་གུའི་མཆུ་སྒྲོས་ནས་འཕྲེད་ལ་གཏོར་བའི་ནག་རོག་རོག་གི
ཡི་གེ་འདི་དག་ལས་ཅི་ཞིག་འབྱུང་སྲིད
 
སྒེའུ་ཁུང་ངོས་ན་དཔྱངས་པའི་དྲ་ཡོལ་དམར་བོ
སྙན་ངག་པའི་མདུན་ཐད་ཀྱི་ཤོག་བུ་དང་འདྲ་བར
ཕར་ལ་སློག་ཐེངས་རེར
 
འོད་ཟེར་གྱི་གཤོག་པ་ཁུར་བའི་སྤྲིན་པ་ག་ཙམ་ཞིག
ནག་རོག་རོག་གི་ཡི་གེ་དང་འདྲ་བར་གང་ཞིག་ལ་བསྐྱོད་བཞིན་ཡོད
 
ཨ་ག་རུའི་མགོ་ལྕོག་ནས་གྲོལ་བའི
དྲི་བསུང་གི་ཚོགས་པ་འདི་དག
སྙན་ངག་པའི་ཤོག་ངོས་ལ་འབྱར་བའི་ཚོར་བ་དང་འདྲ་བར
སྙན་ངག་པའི་རྣ་ཤེས་ལ་འཐིམ་དུས
སྙན་ངག་པ་སྔ་མོ་ནས་ར་བཟི་བར་གྱུར་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།