གྲུ་ཁ།


ཁུ་སིམ་གྱི་གྲུ་ཁ་དེ་ནས།
ཞོགས་ཀའི་ཉི་གཞོན་ལྷན།
རྨི་ལམ་འབུམ་ཕྲག       ཉི་འོད་ལ་འཁྱུད་བཞིན།
མིག་རྒྱང་མི་ཟིན་པའི་རྒྱ་མཚོའི་ཕ་རོལ་དུ།
འགྲུད་བཞུད་དུ་འཆད་འགོ་བརྩམས།
 
འགྲུལ་བཞུད་རིང་པའི་མཚོ་ཐོག་ནས།
ཆར་རླུང་དང་རླབས་ཕྲེང་གིས།
ཁུ་སིམ་གྱི་ཀོ་གྲུ་ཆུང་ཆུང་དེ།
ཇི་ལྟར་སྐྱོམ་ཡང་།
ཆེད་ཕྲ་བའི་སྐྱ་བ་ཆད་མེད་དུ་འགུལ་གྱིན་འདུག།
 
ཀོ་གྲུ་ཆུང་ཆུང་དེ།
ཆེད་མི་མྱུར་ཡང་།
ཆད་མེད་ཀྱི་འགྲུལ་བཞུད་ངང་།
དབྱར་གཞུང་གི་སྦྲང་ཆར་འབབ་དུས།
ཁུ་སིམ་གྱི་གྲུ་ཁ་ཞིག་ཏུ་ཐོན་ངེས།
 
གྲུ་ཁ་དེ་སྔར་རྒྱུན་བཞིན།
ཁུ་སིམ་ཞིག་ཡིན་ན།  
ཕུག་མདུན་གྱི་རྨི་ལམ།
ཨམ་ཕྲག་ནས་ག་ལེར་བཏོན་ཏེ།
འགྲུལ་བཞུད་པ་བདེ་ལྷོད་ངང་།  ཚ་འབོག་ཅིག་བརྒྱབ།
 
འགྲུལ་བཞུད་པ།
ལ་ལུང་དང་གཙང་པོ་ཇི་ལྟར་འགལ་ཡང་།
ཕ་ས་དང་ཕའི་གཏམ་རྒྱུད།
སྙིང་དབུས་གཏིང་རིམ་ནས་དྲན་བཞིན།
འཕྲེང་སེམས་ཀྱི་མིག་བཟུང་ཕ་ས་ལ་ཕྱོགས་ཡོད།
                                           ༢༠༡༢།༨།༡༥།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུ་ཁ།

2012-08-27 རྨེ་རུ། ཀློག་གྲངས། མཆན ཡོད།


ཁུ་སིམ་གྱི་གྲུ་ཁ་དེ་ནས།
ཞོགས་ཀའི་ཉི་གཞོན་ལྷན།
རྨི་ལམ་འབུམ་ཕྲག       ཉི་འོད་ལ་འཁྱུད་བཞིན།
མིག་རྒྱང་མི་ཟིན་པའི་རྒྱ་མཚོའི་ཕ་རོལ་དུ།
འགྲུད་བཞུད་དུ་འཆད་འགོ་བརྩམས།
 
འགྲུལ་བཞུད་རིང་པའི་མཚོ་ཐོག་ནས།
ཆར་རླུང་དང་རླབས་ཕྲེང་གིས།
ཁུ་སིམ་གྱི་ཀོ་གྲུ་ཆུང་ཆུང་དེ།
ཇི་ལྟར་སྐྱོམ་ཡང་།
ཆེད་ཕྲ་བའི་སྐྱ་བ་ཆད་མེད་དུ་འགུལ་གྱིན་འདུག།
 
ཀོ་གྲུ་ཆུང་ཆུང་དེ།
ཆེད་མི་མྱུར་ཡང་།
ཆད་མེད་ཀྱི་འགྲུལ་བཞུད་ངང་།
དབྱར་གཞུང་གི་སྦྲང་ཆར་འབབ་དུས།
ཁུ་སིམ་གྱི་གྲུ་ཁ་ཞིག་ཏུ་ཐོན་ངེས།
 
གྲུ་ཁ་དེ་སྔར་རྒྱུན་བཞིན།
ཁུ་སིམ་ཞིག་ཡིན་ན།  
ཕུག་མདུན་གྱི་རྨི་ལམ།
ཨམ་ཕྲག་ནས་ག་ལེར་བཏོན་ཏེ།
འགྲུལ་བཞུད་པ་བདེ་ལྷོད་ངང་།  ཚ་འབོག་ཅིག་བརྒྱབ།
 
འགྲུལ་བཞུད་པ།
ལ་ལུང་དང་གཙང་པོ་ཇི་ལྟར་འགལ་ཡང་།
ཕ་ས་དང་ཕའི་གཏམ་རྒྱུད།
སྙིང་དབུས་གཏིང་རིམ་ནས་དྲན་བཞིན།
འཕྲེང་སེམས་ཀྱི་མིག་བཟུང་ཕ་ས་ལ་ཕྱོགས་ཡོད།
                                           ༢༠༡༢།༨།༡༥།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།