བདག་གི་ཁྲ་ཡོལ་ལྷུང་སོང་།


རེ་གསལ་རེ་མོག་གི་རྒྱུ་སྐར་ཁྲག་ཁྲིག
བརྩེ་བས་གྲོགས་སུ་སྦྲན་ཡང་རིང་ན་གནས།
ཟླ་འོད་རུམ་ཏེ་ཁྱེད་རང་ཡིད་ལ་དྲན་པ།
རེ་སྒུག་ཁྲོད་ཀྱི་བདག་གི་སྤྲོ་སྣང་ཡིན།
 
རྣར་གཟན་པའི་ཁྱི་སྐད་དྲག་པོས།
ངའི་མཛེས་པའི་རྨི་ལམ་གཏོར་སོང་།
རེད་ཡ། དགྲ་སེམས་ན་མེད་ཀྱང་གམ་ན་གྲག་པའི་ཁྱི་སྐད་མང་པོ།
ཅི་ཞིག་ལ་རྔམ་བཞིན་བདག་གི་འཇིག་རྟེན་དུ་འཚང་ཁ་རྒྱག
 
བདག་གི་མགོན་ལགས།
རང་ཡུལ་རང་ཡུལ་མིན་པའི་མཚན་མོ་རེ་རེ།
ཁེར་རྐྱང་གི་སེམས་པས་འཇབ་བུ་ཇི་བཞིན།
འཚུབ་ཆ་དང་སྐྲག་སྣང་གིས་བསྐྱལ་བ།
ལས་མ་དག་པའི་བསྐོས་ཐང་ཡིན་ནམ།
སེམས་མ་དག་པའི་རྣམ་རྟོག་ཡིན།
 
བདག་གི་སྐྱབས་ལགས།
ཁྱེད་ཉིད་བཞུད་ཤུལ་དུ།
བདག་གི་ཁྲ་ཡོལ་ལྷུང་སོང་།
                                      ༢༠༡༢་༧ སྐྱེ་དགུ་ནས་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཁྲ་ཡོལ་ལྷུང་སོང་།

2013-01-30 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།


རེ་གསལ་རེ་མོག་གི་རྒྱུ་སྐར་ཁྲག་ཁྲིག
བརྩེ་བས་གྲོགས་སུ་སྦྲན་ཡང་རིང་ན་གནས།
ཟླ་འོད་རུམ་ཏེ་ཁྱེད་རང་ཡིད་ལ་དྲན་པ།
རེ་སྒུག་ཁྲོད་ཀྱི་བདག་གི་སྤྲོ་སྣང་ཡིན།
 
རྣར་གཟན་པའི་ཁྱི་སྐད་དྲག་པོས།
ངའི་མཛེས་པའི་རྨི་ལམ་གཏོར་སོང་།
རེད་ཡ། དགྲ་སེམས་ན་མེད་ཀྱང་གམ་ན་གྲག་པའི་ཁྱི་སྐད་མང་པོ།
ཅི་ཞིག་ལ་རྔམ་བཞིན་བདག་གི་འཇིག་རྟེན་དུ་འཚང་ཁ་རྒྱག
 
བདག་གི་མགོན་ལགས།
རང་ཡུལ་རང་ཡུལ་མིན་པའི་མཚན་མོ་རེ་རེ།
ཁེར་རྐྱང་གི་སེམས་པས་འཇབ་བུ་ཇི་བཞིན།
འཚུབ་ཆ་དང་སྐྲག་སྣང་གིས་བསྐྱལ་བ།
ལས་མ་དག་པའི་བསྐོས་ཐང་ཡིན་ནམ།
སེམས་མ་དག་པའི་རྣམ་རྟོག་ཡིན།
 
བདག་གི་སྐྱབས་ལགས།
ཁྱེད་ཉིད་བཞུད་ཤུལ་དུ།
བདག་གི་ཁྲ་ཡོལ་ལྷུང་སོང་།
                                      ༢༠༡༢་༧ སྐྱེ་དགུ་ནས་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།