ཁྱོད་དང་ངའི་རྨི་ལམ།

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-30


མི་ཚེ་ནི་ཅི་འདྲའི་ཀྱག་ཀྱོག་ཆེ་ཨང
རྨི་ལམ་ནི་ཅི་འདྲའི་ཟླུམ་པོ་ཞིག་ཨང
 
ཡིད་ཙམ    ཡིད་ཙམ་གྱི་རིང་ལ
ལ་ཁའི་ན་བུན་བཞིན་དུ་ཡལ་འགྲོ་བ་འདི་དག
རྩ་རྩེའི་ཆུ་ཟིལ་བཞིན་དུ་འཐོར་འགྲོ་བ་འདི་དག
རྟག་པའི་ངོ་བོ་འབའ་ཞིག་ཡིན་ན་བསམ་ཨང
 
གང་ལྟར    སྨྲ་བསམ་བརྗོད་དུ་མེད་པའི་དུངས་བ་དེའི་དབང་གིས
རྨི་ལམ་འདི་ཁོ་ན     རྟག་པར་མི་བསྙེལ་རོགས་གྱིས
 
                        ༢༠༡༢ .༡༡ . ༡༥མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་དང་ངའི་རྨི་ལམ།

2013-01-30 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།


མི་ཚེ་ནི་ཅི་འདྲའི་ཀྱག་ཀྱོག་ཆེ་ཨང
རྨི་ལམ་ནི་ཅི་འདྲའི་ཟླུམ་པོ་ཞིག་ཨང
 
ཡིད་ཙམ    ཡིད་ཙམ་གྱི་རིང་ལ
ལ་ཁའི་ན་བུན་བཞིན་དུ་ཡལ་འགྲོ་བ་འདི་དག
རྩ་རྩེའི་ཆུ་ཟིལ་བཞིན་དུ་འཐོར་འགྲོ་བ་འདི་དག
རྟག་པའི་ངོ་བོ་འབའ་ཞིག་ཡིན་ན་བསམ་ཨང
 
གང་ལྟར    སྨྲ་བསམ་བརྗོད་དུ་མེད་པའི་དུངས་བ་དེའི་དབང་གིས
རྨི་ལམ་འདི་ཁོ་ན     རྟག་པར་མི་བསྙེལ་རོགས་གྱིས
 
                        ༢༠༡༢ .༡༡ . ༡༥མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།