གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་མོ་ཚོའི་ལག་ཟུང་།

2013-01-25 11:55:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ཁོ་མོ་ཚོའི་མཉེན་འཇམ་གྱི་ལག་ཟུང་གིས
སྔོན་ཆད་ཅིག་ལ
སྐྱ་རེངས་བུ་མོའི་རྨི་ལམ་བསྒུལ་ཏེ
ཆུ་དྭངས་མོ་དལ་གྱིས་བཅུས་ཤིང
འབྲི་མཛོ་མོ་དབྱངས་ཀྱིས་བཞོ་ཆོག

ཁོ་མོ་ཚོའི་མཉེན་འཇམ་གྱི་ལག་ཟུང་གིས
མ་གཞི་ཞིག་ནས
རིག་པའི་སྒོ་མོ་དལ་གྱིས་བརྡུང་སྟེ
ཀ་ཁ་སུམ་ཅུ་ཤུགས་ཀྱིས་བྲིས་ཤིང
མི་ཚེ་བཀྲག་མདངས་སྟོབས་ཀྱིས་མངོན་ཆོག

ཁོ་མོ་ཚོའི་མཉེན་འཇམ་གྱི་ལག་ཟུང་གིས
དེ་རིང་འདི་ནས
མ་ཎི་འཁོར་ལོ་མདུན་དུ་བཀྱགས་ཏེ
མཐེ་བོང་ནར་མོ་གྱེན་ལ་བསྒྲེངས་ཤིང
ལག་པ་ཆུང་ཆུང་གཞན་ལ་བསྲིངས་འདུག
                 ༢༠༡༢ ༡༡  ༢༧ཁམས་ནས།
           གསལ་བཤད།༼སྙན་ངག་འདི་ཁམས་ཕྱོགས་ན་མང་དུ་མཐོང་རྒྱུ་ཡོད་པ་དེ་དག་རྒྱུས་བྱས་ཏེ་བྲིས་པ་ཡིན་པས།ཐུགས་ལ་མི་གནོད་པར་མཁྱེན་ནོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།