གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་སྨག་ནང་ནས་རྨི་ལམ་འཐུ་བ།

2013-01-16 09:11:00 གཅུང་བ་བསོད་ཚེ། ཀློག་གྲངས། མཆན ཡོད།


དྲོ་སྐྱིད་ཀྱི་ཉི་མ་བཞུད་ཤུལ་ན
སྨག་རུམ་གྱི་ཡོལ་བ་ནག་པོས་བསམ་གཟས་ཏེ་ངའི་མགོ་བོ་བཏུམས་བྱུང
ངས་མི་འདོད་པ་མང་དག་བསྔས་ཏེ་རྨི་ལམ་འཐུ་བར་ཆས
མཚན་མོ་ཇི་འདྲ་རིང་ན
རྨི་ལམ་ཡང་དེ་ལྟར་མང་དགོས
སྨག་རུམ་ཇི་འདྲ་སྟུག་ན
རྨི་ལམ་ཡང་དེ་ལྟར་མཚར་དགོས
ངས་དེ་ལྟར་བསམ་གྱིན་དུ་རྨི་ལམ་འཐུ་བར་ཆས་པས
མཚན་གཞུང་ནས་རྨི་ལམ་འཐུ་མཁན་གྱི་གཅེས་ཕྲུག་མང་པོ་དང་འཕྲད
ཁོ་ཚོས་རང་རང་གི་ཐབས་བཀོད་ཀྱིས
རྨི་ལམ་འཐུ་བར་རིན་དོད་མང་པོ་འཕུལ་སོང
གཅིག་གིས
ཁྲ་ཆུང་མིག་ཟུང་རིན་དོད་དུ་འབུལ་བཞིན
ཡེ་ཤེས་ཀྱི་སྤྱན་ཡོད་པས་མི་སྐྱོན་ཟེར་བའི་མགུར་བཞེངས་ནས་བུད་སོང
གཅིག་གིས
གཅེས་སྲོག་དམར་པོའི་ས་བོན་གཅིག་གིས
སད་རན་ཀྱང་གཉིད་པའི་འཁོར་གཅིག་ལ་རྨི་ལམ་བཏབ་ནས་བྱོན་ཐལ
མཚན་སྨག་ཇི་འདྲ་མཐུག་རུང
གཅེས་ཕྲུག་དེ་དག་གི་རྐང་རྗེས་གངས་སྟེང་ན་ཆེས་གསལ་བས
ངས་ཀྱང་ཕྱོགས་དེ་དེད་ནས་རྨི་ལམ་འཐུ་བར་ཆས
རྨི་ལམ
མཚན་སྨག་ནང་ཤི་ལ་ཁད་ནས་ཇེ་ཆེར་སྤོར་བཞིན་པའི་སྒྲོན་མེ་དེ་ཡིན་ཨང
རྨི་ལམ
སྨག་རུམ་དེའི་ཕ་མཐའ་ན་སྒུག་པའི་སྐྱ་རེངས་ཕོ་ཉ་དེ་ལོས་ཡིན
དེ་བས་     ངས་མཚན་མོ་དེ་རྨི་ལམ་རུམ་པའི་ལོ་ཟླར་གོ་བྱུང


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།