གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་འགྲམ་ནས་ཕྱི་རོལ་ཏུ་ལྟ་དུས།

2013-01-16 09:05:00 མདའ་ལྗང་ལོ། ཀློག་གྲངས། མཆན ཡོད།


རང་ཉིད་ནི་ཆང་དེམ་སྟོང་བ་ཞིག་ལྟར
ཁེར་རྐྱང་ངང ཙོག་པུར་བསྡད་དེ
སྒེའུ་འགྲམ་ནས་ཕྱི་རོལ་ལ་བལྟ་དུས

དུས་ཚོད་ནི་ཉི་ཟེར་གྱི་གྲིབ་གཟུགས་ཤིག་ལྟར
སུ་ལའང་མི་དབང་བའི་བར་སྟོང་ཅིག

བར་སྟོང་དེ་དག་གི་ཡིད་བརྙན་ནི
གཅེར་བུ་ལྟ་བུའི་གཟུགས་སྣང་དེ་དག

སྐྱ་ལེབ་གེར་བརྡལ་བའིི་གྲོང་སྡེ་ཆུང་ཆུང་ཞིག
ཡང་ན་བབ་ཆགས་ཀྱིས་འཛུམ་པའི་བུ་མོ་སྙིང་ཉེ་ཞིག

སྒེའུ་འགྲམ་ནས་ཕྱི་རོལ་ལ་བལྟ་དུས
ངས་ཕ་ཡུལ་དྲན  ངས་བུ་མོ་དེ་དྲན

        ༢༠༡༣ལོའི་ཟླ༡ཚེས༥ཉིན་ལ་བླ་བྲང་གི་མགྲོན་ཁང་ཞིག་ནས་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།