ཁྱེད་དང་བྲལ་རྗེས།

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-15


ཧ་ཅང་ཁ་ཁུ་སིམ་པའི་མཚན་མོ།
ས་འོག་འབུ་སྲིན་གྱི་འགུལ་སྒྲ་གོ་ཐུབ་པའི་མཚན་མོ།
ཁྱེད་དང་ང་ལ་གཉིད་ཁོམ་མེད་པ།
གནམ་སྟེང་གི་ཟླ་བས་དཔང་པོ་བྱེད་སྲིད།
ཁྱེད་དང་ང་ལ་དྲན་གདུང་མང་བ།
མིག་ཆུས་འཚོས་པའི་སྔས་མགོས་བདེན་དཔང་བྱེད་སྲིད།
ཁྱེད་དང་ང་རང་ཁུ་སིམ་གྱིས་ངོ་འཕྲད་བྱུང་བས།
འབྲས་བུའང་ཁུ་སིམ་གྱིས་བྲལ་དགོས་བྱུང་།
རྨི་ལམ་ལ་ཆག་གྲུམ་ཤོར་བའི་རྗེས་མར།
ངའི་འཚོ་བ་གྲིབ་གཟུགས་ཀྱི་སྐྱོ་རོགས་ལ་བརྟེན་ཞིང་།
ངའི་ལོ་ཟླ་མིག་ཆུ་ཡི་སེམས་གསོར་བརྟེན་དགོས་པས།
ཐམས་བཅད་མུན་པ་བཞིན་ནག་ཐིང་ངེར།
ཐོག་མར་ངས་ཁྱེད་དང་མཇལ་བ་བདེ་སྐྱིད་ཀྱི་རྩ་བ་ཁོ་ནར་བསྒོམས།
ད་ཆ་ཁྱེད་ཀྱིས་ང་རང་གཅིག་པོར་བོར་ནས་ཕྱིན་རྗེས།
ངའི་ཡོད་ཚད་སྡུག་བསྔལ་གྱིས་ཧམ་ཟོས་བྱས་པས།
ད་ཆ་ངས་ཁྱེད་དང་འཕྲད་པ་ནག་ཉེས་ཤིག་མིན་ནམ་སྙམ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་དང་བྲལ་རྗེས།

2013-01-15 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


ཧ་ཅང་ཁ་ཁུ་སིམ་པའི་མཚན་མོ།
ས་འོག་འབུ་སྲིན་གྱི་འགུལ་སྒྲ་གོ་ཐུབ་པའི་མཚན་མོ།
ཁྱེད་དང་ང་ལ་གཉིད་ཁོམ་མེད་པ།
གནམ་སྟེང་གི་ཟླ་བས་དཔང་པོ་བྱེད་སྲིད།
ཁྱེད་དང་ང་ལ་དྲན་གདུང་མང་བ།
མིག་ཆུས་འཚོས་པའི་སྔས་མགོས་བདེན་དཔང་བྱེད་སྲིད།
ཁྱེད་དང་ང་རང་ཁུ་སིམ་གྱིས་ངོ་འཕྲད་བྱུང་བས།
འབྲས་བུའང་ཁུ་སིམ་གྱིས་བྲལ་དགོས་བྱུང་།
རྨི་ལམ་ལ་ཆག་གྲུམ་ཤོར་བའི་རྗེས་མར།
ངའི་འཚོ་བ་གྲིབ་གཟུགས་ཀྱི་སྐྱོ་རོགས་ལ་བརྟེན་ཞིང་།
ངའི་ལོ་ཟླ་མིག་ཆུ་ཡི་སེམས་གསོར་བརྟེན་དགོས་པས།
ཐམས་བཅད་མུན་པ་བཞིན་ནག་ཐིང་ངེར།
ཐོག་མར་ངས་ཁྱེད་དང་མཇལ་བ་བདེ་སྐྱིད་ཀྱི་རྩ་བ་ཁོ་ནར་བསྒོམས།
ད་ཆ་ཁྱེད་ཀྱིས་ང་རང་གཅིག་པོར་བོར་ནས་ཕྱིན་རྗེས།
ངའི་ཡོད་ཚད་སྡུག་བསྔལ་གྱིས་ཧམ་ཟོས་བྱས་པས།
ད་ཆ་ངས་ཁྱེད་དང་འཕྲད་པ་ནག་ཉེས་ཤིག་མིན་ནམ་སྙམ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།