གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐག་པའི་སྣེ་མོ་མི་གློད་རོགས།

2013-01-15 21:03:00 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


ཉི་མ་ནི་འཕྱོན་མ་ཞིག་གིས་གཙང་སྤྱོད་དུ་ཕངས་པའི་བྱིས་པ་དམར་འབྱར་ཞིག་དང་འདྲ་བར
རང་བྱུང་ཁམས་ལ་འཐིམ་པར་བྱས
ཁེར་རྐྱང་གི་རྣོ་དབལ་ལ་འགྲོགས་ཤིང
རལ་གྲི་སོ་གཉིས་མ་དང་བསྡེབས་པར་བརྩམས

ཟླ་བ་འཁྱག་ལ་འབྱར་བའི་ཤེལ་དམ་སྟོང་བ་དང་འདྲེས་ཤིང
རླུང་གི་རྒྱུ་ཕྱོགས་དང་བསྟུན་ཏེ་སྒྲ་ཡང་འབྱིན་པར་བྱས
སྲོག་ལྡན་སུ་ཡང་འཇིགས་པའི་གཡང་དུ་འཕེན་ཡང
ཁོ་རང་ནི་སྦྲུལ་དང་གཅན་གཟན་དག་ལས་ཀྱང་ཉམ་ཆུང

ཁོག་འདར་རྒྱག་པའི་སྐར་མ་དེ་དག
འཆི་ཁ་འཕག་འཚག་བྱེད་པའི་བགྲེས་པོ་དག་དང་འདྲ་བར
དམྱལ་བའི་དངངས་སྐྲག་གིས་དེད་ཅིང
སྩོག་པར་འབྱར་བའི་ཐང་ཆུ་ལྟར་ཁང་བ་རལ་བོ་དེར་ཞེན་པ་བཟློག་ཐབས་བྲལ
       སྤྱི་ལོ༢༠༡༣ལོའི་ཟླ༡པོའི་ཚེས༡ཉིན་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།