སྐྱོ་བ་མ་གནང་།

ངུར་སྒྲ།༼ལྷོ་ནུབ་མི་རིགས་སློབ་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-01-10

ལས་འཕྲོ་མེད་རུང་། ང་ཚོ་ལ་མཛེས་སྡུག་གི་ཕྱིར་དྲན་ཡོད་པས་སྐྱོ་བ་མ་གནང་།
སྙིང་གཏམ་ཆད་རུང་། ང་ཚོ་ལ་འདས་སོང་གི་གཏམ་རྒྱུད་ཡོད་པས་སྐྱོ་བ་མ་གནང་།
དགའ་བའི་དབུ་ཁྱུད་དེ་བརྩེ་དགོད་ཅིག་གིས་བྲིས་པ་བདེན་རུང་།
ལས་ཀྱི་ལྷག་མ་དེ་བདེ་མོ་འདི་ཡིས་འཇོག་དུས། སྐྱོ་བ་མ་གནང་།
འདི་ནི་ཉི་ནུབ་ཀྱི་སྔ་རོལ་དེར་ང་ཚོ་སུས་ཀྱང་མ་དྲན་རུང་།
ཆང་སྟོན་ཐ་མ་འདིར་ང་ཚོས་ངེས་པར་བཏུང་དགོས་པས་དང་དུ་ལེན་རོགས།

བརྫུན་བཤད་པ་གཏན་ནས་མིན་ན། ལས་མེད་པ་མངོན་སུམ་རེད།
བསླུ་བསམ་པ་དེ་བས་མིན་ར། གྱེས་དགོས་པ་བདེན་པའང་རེད།
འཁང་ར་རུམ་གང་གི་རྫོངས་པ་དེ་ངས་ཁྱེར་དགོས་ཀྱང་།
ལས་བདའ་སྒམ་གང་གི་སྙིང་ནད་དེ་ང་ཚོ་སུ་ལའང་མི་དགོས།
མིང་ཡིག་སྙིང་ཉེ་དག   རང་རང་གིས་གསང་བས་བྲིས་ཏེ།
འདྲ་པར་སྙིང་ཉེ་དག  རང་རང་གིས་མཛོད་དུ་ཉར་ཆོག

རླུང་མེད་པས། རླབས་ཀྱང་ཡོད་མི་སྲིད་ལ།
ལས་མེད་པས། ལམ་ཡང་ཡོད་ག་ལ་སྲིད།
དེ་བས། རང་གིས་བྲིས་པའི་ཁ་ཆེམས་དག་སྦ་གསང་ནན་མོས།
རང་གིས་བཞག་ཟིན་པའི་དམ་བཅའ་དག་དུར་འཇུག་བྱ་རོགས།
གཙང་ཆུས་ཁུར་སོང་བ་ང་ཡིན་པའི་དབང་དུ་བཏང་ནས།
ངས་བྲིས་པའི་འཕྲིན་པ་དེ་དག་ཀྱང་རླུང་ལ་སྤུར་རོགས།

སྐྱིད་ལ་རེ་བ་མེད་ན། རླུང་ཁྲོད་ཀྱི་མར་མེ་དེ་འབར་དོན་མེད་ལ།
སྐྱོ་བ་འཚོལ་དོན་མེད་པས། མཛེས་སྡུག་གི་ཆང་སྟོན་དེའང་བཤམས་དོན་གང་།
གལ་ཏེ་འཐོར་ཡིག་དེ་ངས་ཁྱེད་ལ་བྲིས་པའི་འཕྲིན་ཡིག་འགོ་མ་དེ་ཡིན་པའི་དབང་དུ་བཏང་ན།
དེ་ནི་མངོན་མཁྱེན་ལ་ཐོགས་པ་མེད་པའི་ཟངས་སྐུ་གསུང་འབྱོན་ཞིག་ཡིན་ངེས་ལ།
གལ་ཏེ་འཐོར་ཡིག་དེ་ངས་ཁྱོད་ལ་བཞག་པའི་དྲན་རྟེན་རྗེས་མ་དེ་ཡིན་ཚོད་ནས་བལྟས་ན།
དེའང་གདམ་གསེས་ཡང་དག་ཅིག་གི་བྲིས་ལན་དུ་ངེས་ཀྱང་སྲིད།

སྐྱོ་བ་མ་གནང་། ང་ཚོས་མིག་ཆུ་གཅིག་དགའ་ནས་བཏོན་པ་བདེན་ན།
སྐྱོ་བ་མ་གནང་། ང་ཚོས་མིག་ཆུ་གཅིག་སྐྱོ་ནས་འདོན་པ་ནི་བརྫུན་ཤ་སྟག་མ་རེད་དམ།
སྟོན་ཀ་ཡིན་ན། འབྲས་བུ་ཡིན་པས་དགའ་རུང་བ་བདེན་ལ།
དཔྱིད་ཀ་ཡིན་ན། རེ་བ་ཡིན་པས་སྐྱིད་རུང་བའང་བདེན་མོད།
དབྱར་ཁ་དེར། ངས་ཁྱོད་ལ་མེ་ཏོག་གི་སྐྲ་རྒྱན་སླེ་མྱོང་བས། སྐྱོ་མ་གནང་།
དགུན་ཁ་འདིར། ངས་ཁྱོད་ལ་ཁ་བ་ཡི་རང་བཞིན་འཇོག་སྲིད་པས། སྐྱོ་བ་མ་གནང་།
                 2012.01.20.ལ་བྲིས། ཀན་ལྷོ་ནས།
                     2012.12.24ལ་བཅོས། ཁྲི་འདུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་བ་མ་གནང་།

2013-01-10 ངུར་སྒྲ།༼ལྷོ་ནུབ་མི་རིགས་སློབ་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།