དེ་རིང་གི་སྒེའུ་ཁུང་ལས་སང་ཉིན་ལ་བལྟས་པ།

མུན་ནག་གི་རྔམས་མཐུག་པས
འཇིག་རྟེན་ཇེ་དོག་ཏུ་སྣང
རླུང་བུ་འཇགས་ཤིང
གྲག་འགུལ་ཡང་ཤིན་ཏུ་ཕྲ
གྲ་སྒྲིག་ཅི་ཡང་མེད་ནའང
རི་རབ་ཀྱི་དབྱིབས་དང་ཁ་དོག
རེ་རེ་བཞིན་ནང་སེམས་ལ་ཕབ་ལེན་བྱས
ནག་ཉེས་ལ་རྩིས་གྲངས་བླངས་ཆོག
དགེ་ཕན་ནི་སྟོང་ཉིད་དང་མཚུངས
མིན འདི་ནི་གྲ་སྒྲིག་མིན
ཡིན་ནའང སྟ་གོན་ཞིག་དང་འདྲ་བོ་འདུག
 
ཆེད་མཁས་པ་དག་གཉིད་དུ་ཡུར་བ་བཞིན
འཇིག་རྟེན་མ་འཇིག་པའི་སྔོན་དུ
འབྱུང་བཞིའི་གང་རུང་ལ་འཐིམ་སོང་བ་དང་འདྲ
ད་ནི་ཆེད་མཁས་པ་དག་ཆབ་སྲིད་པ་དང་འདྲ་ལ
ཆབ་སྲིད་པ་དག་ཆེད་མཁས་པ་དང་འདྲ
 
ཁ་སང་ནི་རྨིས་ཟིན་པའི་རྨི་ལམ་དང
སང་ཉིན་ནི་རྨིས་ཆོག་པའི་རྨི་ལམ་ཡིན
སྐྱེ་འཆི་ལ་སྐྱེ་འཆིས་གསལ་བཤད་ཀྱིས་ཆོག
དེ་བས་ང་ཚོར་ཡོད་ཆོག་པ་ནི
འདི་ལས་ཕྱི་ལ་གདེང་ཚོད་དགོས་པ་དེ་ཡིན
དེ་རིང་ནས་བཟུང་ཐོབ་ཤོར་དང་དྲན་གདུང
འདས་པ་ཁོ་ནར་བསྐྱུར
ཚེ་སྲོག་དང་གསར་གཏོད་སང་ཉིན་ལ་འབུལ
རེ་བ་དང་ཡིད་ཆེས་སང་ཉིན་ལ་བཅོལ
སང་ཉིན་ནི་འགོ་རྩོམ་མཁན་ལས་མཇུག་བསྡུ་མཁན་མིན
                    ༢༠༡༢ ༡༢ ༡༢ ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་སྒེའུ་ཁུང་ལས་སང་ཉིན་ལ་བལྟས་པ།

2013-01-04 དཀར་དམར། ཀློག་གྲངས། མཆན ཡོད།

མུན་ནག་གི་རྔམས་མཐུག་པས
འཇིག་རྟེན་ཇེ་དོག་ཏུ་སྣང
རླུང་བུ་འཇགས་ཤིང
གྲག་འགུལ་ཡང་ཤིན་ཏུ་ཕྲ
གྲ་སྒྲིག་ཅི་ཡང་མེད་ནའང
རི་རབ་ཀྱི་དབྱིབས་དང་ཁ་དོག
རེ་རེ་བཞིན་ནང་སེམས་ལ་ཕབ་ལེན་བྱས
ནག་ཉེས་ལ་རྩིས་གྲངས་བླངས་ཆོག
དགེ་ཕན་ནི་སྟོང་ཉིད་དང་མཚུངས
མིན འདི་ནི་གྲ་སྒྲིག་མིན
ཡིན་ནའང སྟ་གོན་ཞིག་དང་འདྲ་བོ་འདུག
 
ཆེད་མཁས་པ་དག་གཉིད་དུ་ཡུར་བ་བཞིན
འཇིག་རྟེན་མ་འཇིག་པའི་སྔོན་དུ
འབྱུང་བཞིའི་གང་རུང་ལ་འཐིམ་སོང་བ་དང་འདྲ
ད་ནི་ཆེད་མཁས་པ་དག་ཆབ་སྲིད་པ་དང་འདྲ་ལ
ཆབ་སྲིད་པ་དག་ཆེད་མཁས་པ་དང་འདྲ
 
ཁ་སང་ནི་རྨིས་ཟིན་པའི་རྨི་ལམ་དང
སང་ཉིན་ནི་རྨིས་ཆོག་པའི་རྨི་ལམ་ཡིན
སྐྱེ་འཆི་ལ་སྐྱེ་འཆིས་གསལ་བཤད་ཀྱིས་ཆོག
དེ་བས་ང་ཚོར་ཡོད་ཆོག་པ་ནི
འདི་ལས་ཕྱི་ལ་གདེང་ཚོད་དགོས་པ་དེ་ཡིན
དེ་རིང་ནས་བཟུང་ཐོབ་ཤོར་དང་དྲན་གདུང
འདས་པ་ཁོ་ནར་བསྐྱུར
ཚེ་སྲོག་དང་གསར་གཏོད་སང་ཉིན་ལ་འབུལ
རེ་བ་དང་ཡིད་ཆེས་སང་ཉིན་ལ་བཅོལ
སང་ཉིན་ནི་འགོ་རྩོམ་མཁན་ལས་མཇུག་བསྡུ་མཁན་མིན
                    ༢༠༡༢ ༡༢ ༡༢ ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།