དགེ་འདུན་ཆོས་འཕེལ།

སྟོན་པའི་ཞལ་ངོ་ལ་བསམ་བཞིན་དུ་བྱུགས་པའི་ཐལ་བ་སྦར་གང་དེ།
དེ་རིང་གི་མཁའ་དབུགས་ཁྲོད་དུ་སླར་ཡང་དྲི་ཞིམ་འཐུལ།
༼པཎྡི་ཏའི་གཡོག་པོ་ཕལ་བ༽དེས།
སྐྱ་ཤུར་ཤུར་གྱི་ལོ་ཟླའི་ངོ་གདོང་ལ།
ཁྱད་མཚར་བའི་ཁ་དོག་ཅི་ཞིག་བསྣན་སོང་བ་འདྲ།
དུ་ཆང་གིས་ཡོངས་སུ་མྱོས་ཟིན་པའི་གྲྭ་པ་སྨྱོན་པ་དེས།
རྒྱ་མཚོ་དང་གངས་རིའི་བར་དག་ནས།
སྲིད་པའི་གསང་ཕུག་ཅི་ཞིག་རྙེད་སོང་བས།
ཁ་སང་གི་རྐང་རྗེས་ལ་ཁྲེལ་དགོད་ཀྱང་བྱས་མྱོང་།

རྟོག་བཟོ་དང་མཛེས་ཆོས་ཀྱིས་བྲིས་པའི་ཞིང་ཁམས།
ཨུ་ཚུགས་དང་ཚོད་དཔག་གིས་བཞེངས་པའི་ཕོ་བྲང་།
དེ་རུ་གཏན་ནས་མ་ཤོང་བར་བསྐྲད་བཏང་བའི་གྲྭ་ལོག་འདི།
དཀར་རྐྱང་དང་གཙང་རྐྱང་གི་ཤོག་ངོས་ཞིག་ལས།
ཁྱི་རྗེས་དང་ཁྲག་ཐིགས་ཀྱི་ཟགས་ཤུལ་ཡང་རྙེད་པས།
ནམ་ཕྱེད་ལ་ཧར་གྱིས་ལངས་ཤིང་།
མཚན་གང་རིང་འུར་གྱིས་བརྒྱུགས།
ཁོ་བརྒྱུགས་སོང་བའི་རྐང་རྗེས་སུས་ཀྱང་མ་རྙེད་ནའང་།
ཁུ་སིམ་སིམ་གྱི་མཚན་ལྗོངས་དེ་གཏན་ནས་གཏན་དུ་དཀྲོགས་སོང་།

ལོ་དང་ཟླ་བས་བྲིས་པའི་ལྡེབས་རིས་ཀྱི་ངོས་སུ།
རབ་རིབ་ཀྱིས་ཅི་ཞིག་བཀོད་བཞག་པ་དེ་རྟོགས་རྗེས།
ཁེར་རྐྱང་ལ་མིག་ཆུ་ཤོར་མྱོང་ཞིང་།
འཇིག་རྟེན་འདིའི་ལག་བྲིས་ས་ཁྲ་ཐོག་མ་དེའང་ཤར་ཤར་དུ་བྲིས་སོང་།

ཁ་སང་གི་དུས་སུ་ཁྱོད་ཀྱིས།
འདི་ལྟར་ཁུ་སིམ་སིམ་གྱི་མཚན་མོ་དེ་དཀྲོགས་རྗེས།
འཇམ་ཐིང་ཐིང་གི་རྨི་ལམ་དེའང་གང་ཞིག་ཏུ་ཁྱེར་སོང་།
ཁྱད་མཚར་བའི་རི་མོ་དེ་བྲིས་རྗེས།
ཡ་མཚན་པའི་ཁྱེད་རང་གང་ཞིག་ཏུ་བཞུད་སོང་།
ཀྱེ།  ༼མཚོ་སྣ་བ་སུར་པན་འཚོང་མཁན།༽
    2012ལོའི་ཟླ་བ8པའི་ཚེས། 22ཉིན་བོད་ལྗོངས་སློབ་ཆེན་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་འདུན་ཆོས་འཕེལ།

2012-12-21 འུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།