བསྡུས་བརྗོད་སྙན་ཚོམ།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-13

          ཀ
བྱང་ཐང་ནས་བརྒྱུད་པའི་ཕ་བོང་ཅིག
ཐོལ་གྱིས་འོངས་པ་མ་ཡིན་པར།
ནུར་ནས་སླེབས་པའང་མིན་པར།
རྟབ་རྟབ་པོར་བདག་གི་ལུས་སེམས་སུ་ཟུག་དུས།
སེམས་ན་ལུས་པ་དག་ཁ་ནས་ཤོར་སོང༌།
                                                 2012-11-14
             ཁ 
སྐབས་འགར།  ལོ་མ་གསར་བའི་མེ་ཏོག་ཅིག་དྲན་བྱུང༌།
སྐབས་འགར། གྲགས་འགུལ་མེད་པའི་ཕ་བོང་ཅིག་དྲན་བྱུང༌།
མཚམས་རེར།   དགུན་གྱི་ཁུ་བྱུག་གི་དབྱངས་སྙན་དྲན་བྱུང༌།

འོན་ཀྱང༌།    བདག་གི་མིག་ཟུང་གིས་ལམ་སྣེ་རྙེད་སྲིད་དམ།
འོན་ཀྱང༌།    ལམ་སྣེ་ན་ཕ་བོང་ཅིག་འཕྲེད་དུ་འགྱིང་སྲིད་དམ།

གང་ལྟར།  ཉིན་མཚན་གང་རུང་གི་ཕང་བ་ནས་རྨ་ཁ་ལ་ཚྭ་འདེབས་དགོས་ཨང༌།
                                                                                                       2012-11-14
              ག
ཕ་བོང་དེ།  སེམས་གཏིང་གི་ཕ་བོང་དེ།
འཁྱགས་གྲང་གིས་བསྡམས་པའི་ཕ་བོང་གསོན་པོ་དེ།
ལྗིད་དྲགས་ནས་འགུལ་མ་ཐུབ་པའམ།
ཡང་དྲགས་ནས་རླུང་གིས་ཁུར་སོང་བ་ཡིན།

གངས་དཀར་གྱི་སེམས་པ་གཏོར་ནས།
དམར་ཆུང་གི་ཁྲག་དྲོན་དཀྲུགས་ནས།
                                                         2012-11-15
              ང
ཕ་བོང་ཞིག་རྒྱང་དུ་བཞུད་རྗེས།
སླར་ཡང་ཕ་བོང་ཅིག་འབུས་བྱུང༌།

ཁ་རོག་གེར་གཉིད་དུ་ཡུར་རྗེས། 
མུན་ནག་གི་མཚན་ཞག་ཅིག་གཉིད་དུ་ཡུར་སྲིད་དམ།
བསམ་གཞིག་གི་འཕག་འཚག་གང་མང༌།
ཕྱི་ནང་གི་ཟིལ་ཤུགས་གང་མང༌།

བདག་གིས་ཐ་མག་རྐང་གཉིས་རྔུབ་རྗེས།
ལྷན་འཛོམས་ཀྱི་དགོད་སྒྲ་ཡོད་དམ།
གྱེས་བྲལ་གྱི་སྡུག་བསྔལ་སྐྱེལ་ཡོང་ངམ།
                                                     2012-11-15
               ཅ
རྒྱང་ནས་རྒྱང་དུ་གྱེར་བའི་སེམས་གཏིང་གི་བྲག་ཅ།
གཏན་ནས་གཏན་དུ་ལུས་པའི་སེམས་གཏིང་གི་ཕ་བོང༌།

ད་དུང༌།  འདྲི་རྟགས་དང་ཐེ་ཚོམ་མོད་པོ་སེམས་སུ་བཏེགས་ཏེ།
བྲེལ་འཚུབ་ཀྱིས་འགྲོ་གྲབས་བྱས་ཚེ།
ཞི་འཇམ་གྱི་གྱེས་བརྡ་སྟོན་ཚེ།
བདེ་མོ།  བདེ་མོ།  བདེ་མོ།   ཡོངས་སུ་བདེ་མོ།

                        2012-11-15
                ཆ
སྐྱིད་ལ་བསུ་མ་རེད་འདོད་ཚེ་སྐྱིད་ཅིག་མིན་པའི་ངེས་པ་མེད་ལ།
སྡུག་ལ་ལག་གཡུག་རེད་འདོད་ཚེ་སྡུག་བསྔལ་ཅིག་ཡིན་ལ།

གང་ལྟར།  ང་རང་བཟློག་ཏུ་མེད་པའི་སྟོབས་ཤུགས་ཅིག་གིས་ཁྱོད་ཀྱི་གམ་དུ་དེད་བྱུང༌། 

དུས་ད་ལྟ།  བདག་གིས་གདམ་གསེས་ཀྱི་དབང་ཆ་ཡོད་ཚད།
ཁྱོད་ཀྱི་ཕྱི་ནང་བར་གསུམ་དུ་སྤྲོད་ཆོག
ཁྱོད་ཀྱིས་མུ་མཐུད་དུ།
བདག་ལུས་ཀྱི་ཕྱི་ནང་བར་གསུམ་སྔོག་འདོན་བྱས་ཆོག

ཡིན་ཡང༌།  ཐུགས་དགོངས་ལ་འཚམ་པའི་འབྲས་བུ་ཅིག་ཡོད་སྲིད་དམ།
སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་གྱི་འདུན་པ་བརྟན་པོ་ཡོད་སྲིད་དམ། 
ཡིད་ཀྱི་དར་དཀར་ནག་པོར་འགྱུར་སྲིད་དམ།
                                                           2012-11-15
             ཇ
བདག་གི་རྨི་ལམ་གྱི་གཤོག་པ་རིང་མོ།
ཡངས་པའི་སྤང་ལྗོངས་དང་དབྱིངས་ཀྱི་བྲག་རི།
མདུན་ནས་མདུན་དུ་བསྐྱོད་བཞིན་པའི་མེ་ལོང་གི་ཞལ་རས།
ཚོར་བས་མ་ཟིན་པའི་སྒུལ་ཤུགས་ཀྱི་སེམས་ངལ་ལྷག་མ།

དྲན་ཤིང་གི་ལོགས་སུ་འགྲེང་བའི་རྩིག་ལྡེབས།
དལ་གྱིས་ཟད་ཀྱིན་པའི་གསེར་གྱི་བྲང་མགོ་རེ་རེ།
ཅི་ཞིག་འཆད་རྩིས་ཀྱིས་འགུལ་ཙམ་འགུལ་ཙམ་བྱེད་བཞིན་གདའ།
                                                           2012-11-15
              ཉ 
གང་ལྟར།   མེ་འཁོར་ཅིག་ལམ་ལ་བུད་བྱུང༌།
ཁྲོག་ཁྲོག་གི་ཆོམ་སྒྲ་དང་བཅས་ཏེ་ལམ་ལ་བུད་བྱུང༌།

འབབ་ཚུགས་རྗེས་མའི……

                                                          2012-11-15

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྡུས་བརྗོད་སྙན་ཚོམ།

2012-12-13 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།