ཁ་བ་འབབ་ཐེངས་དང་པོ།


ཆེས་ཐོག་མའི་ཁ་བས   ནང་སེམས་ལ་ངར་པ་ལྡུད
བསམ་གཞིག་དང་སྙུག་གུའི་བར་གསེང་གི་ཐ་སྙད་དག
དངུལ་དཀར་གྱི་ཁ་དོག་ལ་ཡང་ཡང་འཁྱུད
ཐོར་རླུང་གི་གྲོགས་སུ་རྩེན་པའི་གཤོག་འགྱུར
སྙན་ངག་གི་དུང་བ་འདྲེན་པའི་སྟངས་སྟབས་ཤིག

དགུན་གཞུང་ལ་མེ་ཏོག་དབེན་ནའང
ཁྱེད་ཀྱི་རབ་དཀར་གྱི་འདབ་མ་མཉེན་མོ
མེ་ཏོག་གི་ཟོལ་གྱིས་ངའི་རྨི་ལམ་བརྒྱན་པ་ཐེངས་གཅིག་མིན

ཁ་བ     མེ་ཏོག
སེམས་འགྱུ་འདིའི་ཁུགས་སོ་ལྷོད་ཀྱིས་ཟེགས་པས
དུང་བ་སྦྲུམ་པའི་སྙན་དུམ་ཞིག
ཁྱེད་ལ་ཐོག་མར་འཇལ་བའི་ལག་སྐྱེས་སུ་གྲུབ

ཞོགས་པར   སྨུག་སྤྲིན་གྱི་མལ་ན་བདེ་བར་གཟིམ
ཉིན་མོར   འོད་གུར་གྱི་འཇའ་ནང་དུ་སིམ
མཚན་མོར   སྐར་ཚོགས་ཀྱི་ཕྲ་རྒྱན་སྤུན
ཁྱི་སྐད་ནི་ཁྱེད་ཀྱི་ལྷིང་འཇེགས་དཀྲོག་པའི་གཏེ་བོར་རློམ
བདག་གི་གོམ་ཁ་དལ་གྱིས་བསྒྱུར་དུས
མཐོང་ལམ་མོག་པོར་གྱུར
སྒེའུ་ཁུང་ལས་མདུན་ཐད་ཀྱི་སྡོང་རྒན་ལ་ཅེར
བག་འཁུམ་དང་རེ་ཆད་ཀྱི་ཚུལ་ལ་ཅེར

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་འབབ་ཐེངས་དང་པོ།

2012-12-01 རིན་ཆེན་སྐྱབས། ཀློག་གྲངས། མཆན ཡོད།


ཆེས་ཐོག་མའི་ཁ་བས   ནང་སེམས་ལ་ངར་པ་ལྡུད
བསམ་གཞིག་དང་སྙུག་གུའི་བར་གསེང་གི་ཐ་སྙད་དག
དངུལ་དཀར་གྱི་ཁ་དོག་ལ་ཡང་ཡང་འཁྱུད
ཐོར་རླུང་གི་གྲོགས་སུ་རྩེན་པའི་གཤོག་འགྱུར
སྙན་ངག་གི་དུང་བ་འདྲེན་པའི་སྟངས་སྟབས་ཤིག

དགུན་གཞུང་ལ་མེ་ཏོག་དབེན་ནའང
ཁྱེད་ཀྱི་རབ་དཀར་གྱི་འདབ་མ་མཉེན་མོ
མེ་ཏོག་གི་ཟོལ་གྱིས་ངའི་རྨི་ལམ་བརྒྱན་པ་ཐེངས་གཅིག་མིན

ཁ་བ     མེ་ཏོག
སེམས་འགྱུ་འདིའི་ཁུགས་སོ་ལྷོད་ཀྱིས་ཟེགས་པས
དུང་བ་སྦྲུམ་པའི་སྙན་དུམ་ཞིག
ཁྱེད་ལ་ཐོག་མར་འཇལ་བའི་ལག་སྐྱེས་སུ་གྲུབ

ཞོགས་པར   སྨུག་སྤྲིན་གྱི་མལ་ན་བདེ་བར་གཟིམ
ཉིན་མོར   འོད་གུར་གྱི་འཇའ་ནང་དུ་སིམ
མཚན་མོར   སྐར་ཚོགས་ཀྱི་ཕྲ་རྒྱན་སྤུན
ཁྱི་སྐད་ནི་ཁྱེད་ཀྱི་ལྷིང་འཇེགས་དཀྲོག་པའི་གཏེ་བོར་རློམ
བདག་གི་གོམ་ཁ་དལ་གྱིས་བསྒྱུར་དུས
མཐོང་ལམ་མོག་པོར་གྱུར
སྒེའུ་ཁུང་ལས་མདུན་ཐད་ཀྱི་སྡོང་རྒན་ལ་ཅེར
བག་འཁུམ་དང་རེ་ཆད་ཀྱི་ཚུལ་ལ་ཅེར

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།