གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རྡོ་ལ་འགྱུར་གྱིན་ཡོད།

2012-11-30 11:31:00 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


འཇིག་རྟེན་ལ་གས་ཆག་གཅིག་བྱུང་རྗེས།
ས་གཞི་ལ་ཡོ་ལང་གཅིག་འཕྲད་རྗེས།
རྡོ་ཐོན་སོང་།  རྡོ་སྐྱེས་སོང་།  རྡོ་བྱུང་སོང་།
རྡོ་ཡིས་ལོ་རྒྱུས་ཀྱི་ཤོག་ལྷེ་དེ་བྱ་འགོ་ཚུགས་སོང་།
རྡོ་ཡིས་དུས་རབས་ཀྱི་པར་མཛོད་དེ་བྱ་འགོ་ཚུགས་སོང་།
 
ས་གཞི་ཡི་ཁོག་ལ་ཉལ་གིན་པའི་རྡོ།
ཟླ་བ་དཀར་པོའི་ཟེར་ལ་སྙེགས་གིན་པའི་རྡོ།
ཚེ་སྲོག་གང་མང་འཚོ་བའི་རྐྱེན་དུ་སོང་རྗེས།
དམར་ལེབ་ལེབ་ཀྱི་ཁྲག་གི་རྐང་རྗེས་རྡོ་ཡིས་བྲིས།
འོད་ཆེམ་ཆེམ་གྱི་དཔལ་ཡོན་ཞིག་རྡོ་ཡི་གཏོད།
 
དཀན་གཟར་བྲག་མགོར་གྱིང་བའི་རྡོ་དེ་ཚོ།
གནའ་གྲོང་གི་ཞབས་གདན་དུ་བཞུགས་པའི་རྡོ་དེ་ཚོ།
གནའ་མི་ཁྱུ་གཅིག་དང་མཉམ་དུ་དུར་སར་འཛུལ་དུས།
རྡོ་རྒས།  རྡོ་སྐམ།  རྡོ་ཆག།
ཆུ་རླུང་དང་འོད་ཟེར་གྱི་བྱམས་སྐྱོང་དབང་གིས།
 
ཕ་ཡུལ་མཐོང་མྱོང་མེད་པའི་རྡོ་གང་མང་ཞིག་ཐོན་རྗེས།
གསལ་ལ་མི་གསལ་གྱི་མ་ཎི་རྡོ་སྤུངས་འགྲམ་དུ།
ང་རང་ཡང་རྡོ་ལ་འགྱུར་གིན་ཡོད།
ང་ཚོ་ཡང……
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།