གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་མིར་འགྲོ་བའི་ན་གཞོན་འགའ།

2012-11-25 10:24:00 མེ་འབར། ཀློག་གྲངས། མཆན ཡོད།


གནམ་གྱི་ཚུ་རོལ་བཅད་ནས
གངས་རི་དང་མྱ་ངམ་ཐང་མཉམ་དུ་བརྒྱུད་དེ
འཇིགས་ཤིང་འབྲུག་སྒྲ་འདིར
དངངས་ཤིང་ཡང་རླུང་མེད་མོད

གནམ་གྱིས་སྐར་མ་གྲོགས་སུ་སྒྲིག
ས་ཡིས་རྡོ་བ་སྤུན་དུ་སྡེབས་ནས
ཅི་ཞིག་གི་དོན་དུ
ཅི་ཞིག་གི་དོན་དུ་འདི་ལྟར་ངལ་ཞིང་དུབ་པར་བྱེད་དམ
ཕལ་ཆེར་ཁྱོད་ལའང་ཁྱོད་ཀྱི་གསང་བ་ཞིག་ཡོད་ངེས

ངས་ཕར་ཕར་དེད་ན
ཁྱོད་གློག་སྒྲོན་ཞིག་གི་འོག་དུ་འཛུལ་དོན་ཅི་ཡིན
ཁྱོད་ཁྱར་ཁྱོར་དུ་འགྲོ་དོན་གང་ཡིན
ཕལ་ཆེར་དེ་ནི་སུས་ཀྱང་རྟོགས་པའི་ཁྱོད་ཀྱི་གསང་དེ་ཡིན་ངེས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།