གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ལ་སྨྲས་པ།

2012-11-23 15:42:00 གཡག་ཚེ་བརྟན། ཀློག་གྲངས། མཆན ཡོད།


སེམས་པ་དང་སེམས་པས་འཚོས་པའི་བསམ་གཞིག་དྲོན་མོ་དེའི་སྣེ་ན།
འཁྱིག་སིལ་སིལ་གྱི་མིག་ཆུ་དྭངས་མོ་ཞིག་ལྷོད་ཀྱིས་འཁྱིལ་ཡོད།
དེ་རུ་ལོ་དང་ཟླ་བ་རིམ་པའི་ན་ཟུག་གི་འཁུན་སྒྲ་སིམ་ཡོད།
དེ་རུ་ཡུལ་དང་དུས་ཀྱིས་བསྐལ་བའི་ལོ་རྒྱུས་ཀྱི་དྲན་ཤིང་ལུས་ཡོད།
རི་ཚོགས་ཀྱི་རྔམ་བརྗིད་བོར་ནས་མཚོ་མོའི་མིག་ཆུ་སྐམ་པའི་ལོ་ཟླ་འདིར།
ངས་ཉི་འོད་ལ་དྲོད་འཇམ་ལྡན་པའི་བདེན་ཁ་མ་རྙེད་པས།
འཇིག་རྟེན་འདི་ན་ང་ལ་སྐྱིད་སྣང་མེད།     ང་ལ་སྡུག་སྣང་མེད།
སྐབས་དང་སྐབས་སུ་ས་ཆེན་པོའི་མཛེས་པ་སེམས་ཀྱིས་འཐུ་ཞོར།
གང་བྱུང་དུ་ཁོད་ཡངས་པའི་ས་གཞི་ལ་སེམས་པ་གླན་ནས།
ཡོད་ཚད་སེམས་ཀྱིས་འཚོ་དུས།   ཡོད་ཚད་སེམས་ལ་ཉར་དུས།
རང་ཉིད་རླབས་ཆེ་བའི་ངེས་ཤེས་རྙེད་འགྲོ་ལ།
རང་ཉིད་ཉམས་ཆུང་བའི་བདེན་པའང་རྙེད་ཐུབ་པས།
ཞིབ་ཏུ་བསམ་ན།  འཇིག་རྟེན་འདི་ན་ང་ལ་སྐྱིད་སྣང་ཡོད་སྲིད།   ང་ལ་སྡུག་སྣང་ཡོད་སྲིད།
མ་གཞི་ང་ནི་ཇི་འདྲའི་ལས་ངན་ཞིག
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།