སེམས་པ་དང་ང་རང་།


སེམས་པ་དང་ང་རང་།
མི་ཚོགས་ཀྱི་དབུས་སུ།
རྦ་རླབས་བཞིན།
འཕྱུར་དུས།
 
ང་དང་སེམས་པ།
འདུས་ཚོགས་ཀྱི་ཁྲོད།
དྭ་ཕྲུག་བཞིན།
ཨ་མ་ཞེས་འབོད་དུས།
 
སྐད་རིགས་མི་གཅིག་པའི།
ངོ་གདོང་དེ་དག
ང་དང་སེམས་པར།
ལྟ་གིན་པ་ཚོར།
 
མི་ཚོགས་ཀྱི་ཁྲོད།
སེམས་པས་ང་རང་ལ།
སྙིང་སྟོབས་ཀྱི་རྒྱན་མཚན་སྒྲེང་ན།
ཐམས་ཅད་ནུས།
 
ང་དང་སེམས་པ།
ཉིན་མོ་དེར།
གཞན་གི་ཐོས་མི་ཐུབ་པའི།
འདས་སོང་གི་སྐད་ཆ་མང་དག་བཤད།
 
ངས་སེམས་པར།
འཁང་ར་ཇི་ལྟར་བྱས་ཀྱང་།
སེམས་པས་ང་རང་ལ།
མདུན་སྐྱོད་ཀྱི་སྐུལ་མ་གང་མང་གནང་།
    ༢༠༡༣། ༢། ༡༢ ཞོགས་པ་མེ་འཁོར་ནང་དུ་བྲིས།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་དང་ང་རང་།

2013-04-22 རྨེ་རུ། ཀློག་གྲངས། མཆན ཡོད།


སེམས་པ་དང་ང་རང་།
མི་ཚོགས་ཀྱི་དབུས་སུ།
རྦ་རླབས་བཞིན།
འཕྱུར་དུས།
 
ང་དང་སེམས་པ།
འདུས་ཚོགས་ཀྱི་ཁྲོད།
དྭ་ཕྲུག་བཞིན།
ཨ་མ་ཞེས་འབོད་དུས།
 
སྐད་རིགས་མི་གཅིག་པའི།
ངོ་གདོང་དེ་དག
ང་དང་སེམས་པར།
ལྟ་གིན་པ་ཚོར།
 
མི་ཚོགས་ཀྱི་ཁྲོད།
སེམས་པས་ང་རང་ལ།
སྙིང་སྟོབས་ཀྱི་རྒྱན་མཚན་སྒྲེང་ན།
ཐམས་ཅད་ནུས།
 
ང་དང་སེམས་པ།
ཉིན་མོ་དེར།
གཞན་གི་ཐོས་མི་ཐུབ་པའི།
འདས་སོང་གི་སྐད་ཆ་མང་དག་བཤད།
 
ངས་སེམས་པར།
འཁང་ར་ཇི་ལྟར་བྱས་ཀྱང་།
སེམས་པས་ང་རང་ལ།
མདུན་སྐྱོད་ཀྱི་སྐུལ་མ་གང་མང་གནང་།
    ༢༠༡༣། ༢། ༡༢ ཞོགས་པ་མེ་འཁོར་ནང་དུ་བྲིས།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།