གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཁོང་ན་འབར་བའི་མེ་དཔུང་མཚར་བོ།

2013-04-13 13:07:00 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།

ཉི་འོད་ཚ་ལམ་ལམ།
མི་སེམས་སྤྲོ་ལྷང་ལྷང་།
 
ལྗིད་ཏིག་ཏིག་གི་དཔེ་ཁུག་ཁུར་བའི།
འཛུམ་དམུལ་དམུལ་གྱི་ངོ་གདོང་མང་བོ།
འདི་ལྟར།  བདག་གི་འཇིག་རྟེན་དུ་རུབ་པས།
ངའི་བརྩེ་བའི་སྒོ་གླེགས་ཡངས་བོར་ཕྱེས་སོང་།
 
མུ་ཏིག་བཞིན་གྱི་གཤིས་དྭངས་ཤིང་།
ཕ་ལམ་འདྲ་བའི་ཕུགས་སྲ་བའི།
གཅེས་པར་འོས་པའི་བདག་གི་སློབ་བུ་ཚོ།
ཁྱོད་ཚོ་ཡོད་པས། ངའི་འཇིག་ལ་ཁ་ཏོག་བཀྲ་བའི་མེ་ཏོག་བཞད་ཡོད་ཀྱང་།
ཁྱོད་ཚོ་ཡོད་པས། ངས་ནམ་ཡང་རང་ཉིད་ངེས་དོན་གྱིས་གསོན་ཡོད་པའང་རྟོགས་ཡོད།
 
ཀྱག་ཀྱོག་གི་མི་ཚེ་བཤུལ་ལམ་རིང་མོར།
ཁྱོད་ཚོ་ཡོད་པས།  ང་ནམ་ཡང་མདུན་དུ་སྐྱོད་བཞིན་ཡོད།
དཔྲལ་བར་གསལ་བའི་ཤ་ཤུར་གྱི་མཛེས་རིས་འདི་དག
ལོ་ཟླའི་རླུང་འཚུབ་ཀྱིས་བཞག་པའི་ཞབས་རྗེས་མིན་ཏེ།
འདི་ནི་བདག་གིས་ཁྱོད་ཚོར་སྐྱེས་སུ་འབུལ་བའི་བརྗེད་མེད་ཀྱི་དྲན་ཐོ་ཡིན།
 
ངོ་མ།
ཁྲིད་སྟེགས་མཐོན་པོར་འགྱིང་མི་འདོད་ལ།
སྒྲོན་མེ་རླབས་ཆེན་དེ་ཡང་བྱེད་མི་སྤྲོ།
ང་ནི་ནམ་ཡང་འདི་ལྟར།
ཁྱོད་ཚོའི་སྡུག་ཡུས་ཀྱི་མཆི་མ་འདོན་སའམ།
སྙིང་གཏམ་འཆད་ཡུལ་མཛའ་གྲོགས་དེ་ཡིན་འདོད།
 
ནམ་ཡང་བཀའ་དྲིན་ཆེ།
ནམ་ཡང་བདག་གི་སེམས་ཁོང་ན་འབར་བའི་རེ་བའི་མེ་དཔུང་མཚར་བོ།
                                                                                   2013-3-7སྐྱེ་རྒུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།