རྡོའི་སྙན་ངག་ཁ་ཤས།

          ཡིད་ཀྱི་ཁམས
མིག་ལམ་གྱི་ཕྱེ་མ་ལེབ་འཕུར་སོང
མེ་ཏོག་གི་འདབ་མ་དེ་དང་འདྲ
སྡོང་ལོ་དག་རླུང་གི་གཤོག་བར་ནས
རི་མོ་ཞིག་གི་མཚོན་རིས་དང་མཚུངས་སོང
 
གོམ་པ་གང་ཙམ་སོང་བའི་རྗེས་དམར་པོ
གོ་ལ་ལྗང་ཁུ་ཞིག་གི་བྲང་ཁར་བཏོད
དེ་ནས་མཆོང་ངེས་པའི་ཡིད་ཀྱི་ཁམས
སྒྲོལ་མའི་སྒོ་རྡུང་མཁན་གྱི་མགྲོན་པོ་དེ་ཡིན་ནམ
 
གང་ལྟར  མཚན་མོའི་དུས་སུ
ང་ལ་ལ་གཞས་ཀྱི་གདངས་གསར་པ་ཞིག་ཡོད
ངག་སྙན་མོ་ཞིག་ཡོད
ཟླ་བར་གདོང་གཏད་ནས
ཡུན་རིང་ལ་ལེན་སྲིད་པའི་གོམས་གཤིས་ཤིག་ཡོད
 
མེ་ལོང་ནང་གི་གཟུགས་དང་དབྱིབས
ལམ་གྱི་ངོ་གདོང་ལ་ག་ལེར་འཐིམས་རྗེས
མདུན་གྱི་སྨྱུ་གུ་ནི་ང་ལ་བློ་དཀར་བའི་བདག་པོ་ཞིག་ཡིན
ཁོ་བོ་ཡང་ཁེར་ཧྲང་ཧྲང་གི་ང་དང་འདྲ་བར
ཡིད་ཀྱི་ཁམས་སུ་འགྲུལ་བཞེད་ལ་རེམས་ཡོད
                                               ༢༠༡༢.༩.༡༠ཉིན་ལན་ཀྲུ་ནས་བྲིས།
 
 
         དར་ཟབ་ནག་པོ།
རིང་དུ་བསྲིང་བའི་ལག་པ་དམར་པོའི་ཕྱི་ནང
རིས་ཁྲ་སོ་མ་ཞིག་ལ་བྲིས་པའི་རི་མོ་དེ་ཡིན་སྲིད་དུས
མིག་ལམ་དགབ་བྱེད་ཀྱི་སིང་རིས་སྐྱ་བོ་འགུལ་བྱུང
དེ་ལས་མངོན་པར་གསལ་པའི་སྣང་བ་ནི
གཟུགས་ཀྱི་གྲུབ་མཐའ་གཞན་ཞིག་གོ
 
ད་དུང་རླུང་ལ་འདྲེས་པའི་ས་རྡུལ་གྱི་ཚོམ་བུ
སྒེའུ་ཁུང་གི་ངོས་ལ་ཡུན་གྱིས་འཁོར་ཚེ
མིག་གི་དབང་བོ་ཉམས་པའི་ལམ་འགྲོ་མ
མི་མེད་ལུང་སྟོང་གི་གཞིས་ཀ་དེ་ནས་རྒས་པར་སྒོམ་ལ
ཆུ་སྒྲས་ཟད་པར་གཏོང་བའི་སྐྲ་ལོ
རྩི་ཤིང་གི་གདོང་ལ་འཁྱུལ་ཙམ་གནངས་སོང
 
གཞན་གདོད་མའི་རང་གཤིས་སུ་སྦས་པའི
ནགས་ཀླུང་སྟུག་པོའི་རུམ་དང་རྫ་རི་མཐོན་པོའི་བྲང
གཅིག་རེ་གཅིག་རེ་བྱས་ནས་སོང་ན
ཚོར་བའི་གཏིང་ས་ནས་གཡོ་བའི་དར་ཟབ
བདག་ཅག་གི་ལས་བསྐལ་ཡིན་དེ
གནམ་གྱིས་མི་རབས་འདིར་བྱིན་པའི་གཏན་ཚུགས་རེད
                                           ༢༠༡༢.༡༡.༢༧ཉིན་ཕ་ཡུལ་ནས
             འབྲོང་།
                             ༼ ལོ་རྒྱུས་གསེད་ཚུལ་གཞན་ཞིག༽
རི་བོ་གཡོ་ཞིང་འགུལ་བའི
ཆུ་མོ་ལྡེམ་ཞིང་འཕྱུར་བའི
ཟླ་གསུམ་པའི་རྩྭ་ཐང་གི་ཅོང་ཆེན
སློག་པ་སྐྱ་བོའི་རུམ་ཁ་ནས་རྒུམ་དུས
དྲོད་གྲང་མི་ཚོར་བའི་འདུ་ཤེས་སྨུག་པོ
ག་ལེར    ག་ལེར   ང་ལ་འཁྱུལ   ཁྱེད་ལ་འཁྱུལ
 
ཡི་གེ་དག་མེ་རུ་འབར་སའི་མེ་ལོང་དུ
གཟུགས་སུ་གྲུབ་པའི་སྣང་བརྙན་གྱི་ཡོལ་བ
དར་ལྕོག་རླུང་གིས་ཟད་པ་ལྟར
མེ་ཏོག་སད་ཀྱིས་བཅོམ་པ་བཞིན
ས་ལ་འཐིམས་ཤིང་གནམ་ལ་སིམ
 
རལ་བ་ལྗང་ལོ་ཅན་གྱི
སྦྲ་ཁྱིམ་སྨུག་པོ་ཅན་གྱི
སྟོང་བའི་བདག་ཉིད་ཀྱི་ལྕགས་ཕོར་རིལ་རིལ
དཔེ་ཆའི་སྲུབ་བར་ནས་གཡུག་ན
སྙིང་ལ་ན་ཟུག་འདྲ་ལངས་པས
སྐྲ་གསེང་གི་ཆུ་ཕྲན་རྒྱ་མཚོར་འདྲེས
 
ཉག་ག་དེ་ནི་ལོ་རྒྱུས་ཀྱི་མགོ་ཡིན
སྐབས་དེར་གནས་དེ་ན་འབྲོང་ཡོད་ཟེར
ད་ལྟ  ངས་ཁྱེད་རང་འཚོལ་དགོས་བྱུང
དེ་ནི་ཡང་ལོ་རྒྱུས་རེད
 
མུན་པ་ཇེ་འཐུག་རེད
དེའི་ཁྲོད་ནས་རང་ཕྱོགས་སུ་བསྒྲོན་པའི་འོད
དགོས་མཁོ་ཞིག་ཡིན་པས
རྨི་ལམ་གྱི་གཤོག་པ་ཡ་གཅིག་དེ་ཡིས་བཅག
 
ངས  ད་དུང་གཞན་ལ་བལྟས་ནས་རང་ལ་དྲིས
དམུ་ཐག་འཐེན་པའི་ས་ཞིང་གི་དཀྱིལ་ན
བདག་གི་ལོ་མ་དེར་ཚེ་སྲོག་རྒྱས་སམ
རྡོ་ལས་འབུར་བའི་མིག་གི་ཆགས་དབྱིབས
ཀེང་རུས་གད་པའི་དུར་ཁྲོད་དུ་གཡུག
ད་དུང  ཆར་རྗེས་ཀྱི་འདམ་མྱགས་དམར་པོ
རས་དཀར་པོ་ཞིག་ལ་བྲིས་ཤིང
བྲིས་པའི་རྗེས་སུ་ཡང་བསྐྱར་བཟོ་བཅོས་མ་བྱས
 
ཐག་རིང་ཐག་རིང་ནས་བཞུར་བའི
ཐག་ཉེ་ཐག་ཉེ་རུ་འབབ་པའི
གཙང་བོའི་སྟེང་ན་གཡོ་འགུལ་འཁྲབ་པའི་གྲུ
ང་ཡི་རི་མགོ་ནས་ཡལ
 
ཉི་མ་རི་སྐེད་ནས་ནུབ་པའི་དུས་དེར
ལུག་རྫི་མགོ་བཀྲིས་དམར་པོ་ཅན
ང་དང་ཁྱེད་ཀྱི་ཕྱོགས་སུ་ཡོང
                                                   ༢༠༡༣.༠༣.༢༥ཉིན་ལན་ཀྲུ་ནས་བྲིས།
 

            ཁོ་གཉིད་སོང་།
ཁོ་གཉིད་སོང                                                                       
ང་ལ་རྨི་ལམ་མི་འདུག
 
ནམ་མཁའ་ནས་སྐར་མ་དགོད
ས་ཐོག་ནས་རྩི་ཤིང་ངུ
ང་རང་ཁུ་སིམ་མེར
སུ་ཞིག་ལ་གཅར་ན་འདོད
 
སྐྲ་གསེང་ནས་བཞུར་འོང་བའི་རྔུལ་ཆུ
སུས་བལྟས་རུང་མིག་ཆུ་རེད་ཟེར
འོན་ཀྱང  སྔུར་བ་འཐེན་པའི་ཁོ་ད་དུང་གཉིད་འདུག
 
མེ་ལ་སྦར་བའི་ལྕི་བ་ཕངས་སེམས་མེད་པར་ཚར་སོང
ཤུལ་དུ་ལུས་པའི་ཐལ་རྡུལ་གྱི་བེམ་པོ
མཇུག་རྫོགས་པའི་གསར་བརྗེ་བཞིན
རྒྱལ་ཁ་དང་འགྲོགས་ནས་བསྡད་འདུག
 
ང་རང་ཙོག་པུར་བསྡད་ནས
ཁོ་རང་གཉིད་ཚུལ་ལ་བལྟས
 
མུན་པ་སེལ་བྱུང་ངམ
འོད་ཟེར་བཅོམ་སོང
འདི་རྨི་ལམ་ཞིག་གཏན་ནས་མ་རེད
 
སྐབས་དེར ངས་རང་དང་ཁ་གཏད་པའི་གྱང་ལས
ལན་གསལ་པོ་ཞིག་སྟེར་མིན་གྱི་རེ་བ་བྱས
 
མཚན་མོ་རིང་མིན་སུ་ལའང་གསལ་མོད
དུས་རབས་ཀྱི་མཚན་མོ་ནག་པོ་ཞིག་རེད
དེ་ནི
ཕ་ལོས་གངས་འདབས་ནས་བོར་བའི་ཞྭ་མོ་དང་གཉིས་སུ་མ་མཆིས
 
ཁོ་རང་གཉིད་ལས་མ་སད་རུང
དུས་ཚོད་མུ་མཐུད་དུ་འགྲོ་བཞིན་འདུག
 
རྨི་ལམ་གཉིད་སོང་ན་རྙེད་རྒྱུ་ཞིག་ཡིན་མིན་མི་ཤེས་རུང
མཚམས་འདིར་ཐོན་དུས
ངས་ཁོ་བོའི་རྨི་ལམ་ལ་འཆར་ཡན་བྲིས
                              ནུབ་བྱང་གི༼ སྙན་ངག་ཚགས་པར ༽ སྟེང་བཀོད།
 

             གཡོར་གྲུ
རླབས་ཀྱི་ཟེགས་མ་རུ་འདྲེས་པའི
རྒྱ་མཚོ་སྔོན་པོའི་གཏམ་རྒྱུད
གཡོ་བར་བྱེད་པའི་རྨི་ལམ་དུ་འཛུལ
གཡོར་གྲུ་མདུན་ལ་བསྐྱོད་པའི་གཟུགས
མིག་ནང་གི་ལྟད་མོ་གཞན་ཞིག་དེ་རེད
 
བསམ་པ་བཞི་རུ་གྱེས་པའི་བརྡ་རྟགས
ཕྱོགས་བརྒྱད་དུ་གྱེས
དེའི་ཁྲོད་ནད་འབུས་པའི་སྨྱུག་མ་དཀར་པོ
རླུང་གིས་འཐུང་ཤིང་སླར་ཡང་བཞད
 
རི་བོ་སྨུག་པར་འཁྱིལ་བའི་ལ་དང་ལུང་བ
གཡོར་གྲུའི་རྗེས་སུ་བཞག
སྔུན་ན་ཅི་ཡང་མེད་པའི་སྟོང་ཁམས
དགུ་ཚུགས་མ་ཡིན་པའི་དགུ་ཚུགས་དེར་འདྲེས
                                                     ༢༠༡༣.༣.༢༨ཉིན་བྲིས།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོའི་སྙན་ངག་ཁ་ཤས།

2013-04-06 རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

          ཡིད་ཀྱི་ཁམས
མིག་ལམ་གྱི་ཕྱེ་མ་ལེབ་འཕུར་སོང
མེ་ཏོག་གི་འདབ་མ་དེ་དང་འདྲ
སྡོང་ལོ་དག་རླུང་གི་གཤོག་བར་ནས
རི་མོ་ཞིག་གི་མཚོན་རིས་དང་མཚུངས་སོང
 
གོམ་པ་གང་ཙམ་སོང་བའི་རྗེས་དམར་པོ
གོ་ལ་ལྗང་ཁུ་ཞིག་གི་བྲང་ཁར་བཏོད
དེ་ནས་མཆོང་ངེས་པའི་ཡིད་ཀྱི་ཁམས
སྒྲོལ་མའི་སྒོ་རྡུང་མཁན་གྱི་མགྲོན་པོ་དེ་ཡིན་ནམ
 
གང་ལྟར  མཚན་མོའི་དུས་སུ
ང་ལ་ལ་གཞས་ཀྱི་གདངས་གསར་པ་ཞིག་ཡོད
ངག་སྙན་མོ་ཞིག་ཡོད
ཟླ་བར་གདོང་གཏད་ནས
ཡུན་རིང་ལ་ལེན་སྲིད་པའི་གོམས་གཤིས་ཤིག་ཡོད
 
མེ་ལོང་ནང་གི་གཟུགས་དང་དབྱིབས
ལམ་གྱི་ངོ་གདོང་ལ་ག་ལེར་འཐིམས་རྗེས
མདུན་གྱི་སྨྱུ་གུ་ནི་ང་ལ་བློ་དཀར་བའི་བདག་པོ་ཞིག་ཡིན
ཁོ་བོ་ཡང་ཁེར་ཧྲང་ཧྲང་གི་ང་དང་འདྲ་བར
ཡིད་ཀྱི་ཁམས་སུ་འགྲུལ་བཞེད་ལ་རེམས་ཡོད
                                               ༢༠༡༢.༩.༡༠ཉིན་ལན་ཀྲུ་ནས་བྲིས།
 
 
         དར་ཟབ་ནག་པོ།
རིང་དུ་བསྲིང་བའི་ལག་པ་དམར་པོའི་ཕྱི་ནང
རིས་ཁྲ་སོ་མ་ཞིག་ལ་བྲིས་པའི་རི་མོ་དེ་ཡིན་སྲིད་དུས
མིག་ལམ་དགབ་བྱེད་ཀྱི་སིང་རིས་སྐྱ་བོ་འགུལ་བྱུང
དེ་ལས་མངོན་པར་གསལ་པའི་སྣང་བ་ནི
གཟུགས་ཀྱི་གྲུབ་མཐའ་གཞན་ཞིག་གོ
 
ད་དུང་རླུང་ལ་འདྲེས་པའི་ས་རྡུལ་གྱི་ཚོམ་བུ
སྒེའུ་ཁུང་གི་ངོས་ལ་ཡུན་གྱིས་འཁོར་ཚེ
མིག་གི་དབང་བོ་ཉམས་པའི་ལམ་འགྲོ་མ
མི་མེད་ལུང་སྟོང་གི་གཞིས་ཀ་དེ་ནས་རྒས་པར་སྒོམ་ལ
ཆུ་སྒྲས་ཟད་པར་གཏོང་བའི་སྐྲ་ལོ
རྩི་ཤིང་གི་གདོང་ལ་འཁྱུལ་ཙམ་གནངས་སོང
 
གཞན་གདོད་མའི་རང་གཤིས་སུ་སྦས་པའི
ནགས་ཀླུང་སྟུག་པོའི་རུམ་དང་རྫ་རི་མཐོན་པོའི་བྲང
གཅིག་རེ་གཅིག་རེ་བྱས་ནས་སོང་ན
ཚོར་བའི་གཏིང་ས་ནས་གཡོ་བའི་དར་ཟབ
བདག་ཅག་གི་ལས་བསྐལ་ཡིན་དེ
གནམ་གྱིས་མི་རབས་འདིར་བྱིན་པའི་གཏན་ཚུགས་རེད
                                           ༢༠༡༢.༡༡.༢༧ཉིན་ཕ་ཡུལ་ནས
             འབྲོང་།
                             ༼ ལོ་རྒྱུས་གསེད་ཚུལ་གཞན་ཞིག༽
རི་བོ་གཡོ་ཞིང་འགུལ་བའི
ཆུ་མོ་ལྡེམ་ཞིང་འཕྱུར་བའི
ཟླ་གསུམ་པའི་རྩྭ་ཐང་གི་ཅོང་ཆེན
སློག་པ་སྐྱ་བོའི་རུམ་ཁ་ནས་རྒུམ་དུས
དྲོད་གྲང་མི་ཚོར་བའི་འདུ་ཤེས་སྨུག་པོ
ག་ལེར    ག་ལེར   ང་ལ་འཁྱུལ   ཁྱེད་ལ་འཁྱུལ
 
ཡི་གེ་དག་མེ་རུ་འབར་སའི་མེ་ལོང་དུ
གཟུགས་སུ་གྲུབ་པའི་སྣང་བརྙན་གྱི་ཡོལ་བ
དར་ལྕོག་རླུང་གིས་ཟད་པ་ལྟར
མེ་ཏོག་སད་ཀྱིས་བཅོམ་པ་བཞིན
ས་ལ་འཐིམས་ཤིང་གནམ་ལ་སིམ
 
རལ་བ་ལྗང་ལོ་ཅན་གྱི
སྦྲ་ཁྱིམ་སྨུག་པོ་ཅན་གྱི
སྟོང་བའི་བདག་ཉིད་ཀྱི་ལྕགས་ཕོར་རིལ་རིལ
དཔེ་ཆའི་སྲུབ་བར་ནས་གཡུག་ན
སྙིང་ལ་ན་ཟུག་འདྲ་ལངས་པས
སྐྲ་གསེང་གི་ཆུ་ཕྲན་རྒྱ་མཚོར་འདྲེས
 
ཉག་ག་དེ་ནི་ལོ་རྒྱུས་ཀྱི་མགོ་ཡིན
སྐབས་དེར་གནས་དེ་ན་འབྲོང་ཡོད་ཟེར
ད་ལྟ  ངས་ཁྱེད་རང་འཚོལ་དགོས་བྱུང
དེ་ནི་ཡང་ལོ་རྒྱུས་རེད
 
མུན་པ་ཇེ་འཐུག་རེད
དེའི་ཁྲོད་ནས་རང་ཕྱོགས་སུ་བསྒྲོན་པའི་འོད
དགོས་མཁོ་ཞིག་ཡིན་པས
རྨི་ལམ་གྱི་གཤོག་པ་ཡ་གཅིག་དེ་ཡིས་བཅག
 
ངས  ད་དུང་གཞན་ལ་བལྟས་ནས་རང་ལ་དྲིས
དམུ་ཐག་འཐེན་པའི་ས་ཞིང་གི་དཀྱིལ་ན
བདག་གི་ལོ་མ་དེར་ཚེ་སྲོག་རྒྱས་སམ
རྡོ་ལས་འབུར་བའི་མིག་གི་ཆགས་དབྱིབས
ཀེང་རུས་གད་པའི་དུར་ཁྲོད་དུ་གཡུག
ད་དུང  ཆར་རྗེས་ཀྱི་འདམ་མྱགས་དམར་པོ
རས་དཀར་པོ་ཞིག་ལ་བྲིས་ཤིང
བྲིས་པའི་རྗེས་སུ་ཡང་བསྐྱར་བཟོ་བཅོས་མ་བྱས
 
ཐག་རིང་ཐག་རིང་ནས་བཞུར་བའི
ཐག་ཉེ་ཐག་ཉེ་རུ་འབབ་པའི
གཙང་བོའི་སྟེང་ན་གཡོ་འགུལ་འཁྲབ་པའི་གྲུ
ང་ཡི་རི་མགོ་ནས་ཡལ
 
ཉི་མ་རི་སྐེད་ནས་ནུབ་པའི་དུས་དེར
ལུག་རྫི་མགོ་བཀྲིས་དམར་པོ་ཅན
ང་དང་ཁྱེད་ཀྱི་ཕྱོགས་སུ་ཡོང
                                                   ༢༠༡༣.༠༣.༢༥ཉིན་ལན་ཀྲུ་ནས་བྲིས།
 

            ཁོ་གཉིད་སོང་།
ཁོ་གཉིད་སོང                                                                       
ང་ལ་རྨི་ལམ་མི་འདུག
 
ནམ་མཁའ་ནས་སྐར་མ་དགོད
ས་ཐོག་ནས་རྩི་ཤིང་ངུ
ང་རང་ཁུ་སིམ་མེར
སུ་ཞིག་ལ་གཅར་ན་འདོད
 
སྐྲ་གསེང་ནས་བཞུར་འོང་བའི་རྔུལ་ཆུ
སུས་བལྟས་རུང་མིག་ཆུ་རེད་ཟེར
འོན་ཀྱང  སྔུར་བ་འཐེན་པའི་ཁོ་ད་དུང་གཉིད་འདུག
 
མེ་ལ་སྦར་བའི་ལྕི་བ་ཕངས་སེམས་མེད་པར་ཚར་སོང
ཤུལ་དུ་ལུས་པའི་ཐལ་རྡུལ་གྱི་བེམ་པོ
མཇུག་རྫོགས་པའི་གསར་བརྗེ་བཞིན
རྒྱལ་ཁ་དང་འགྲོགས་ནས་བསྡད་འདུག
 
ང་རང་ཙོག་པུར་བསྡད་ནས
ཁོ་རང་གཉིད་ཚུལ་ལ་བལྟས
 
མུན་པ་སེལ་བྱུང་ངམ
འོད་ཟེར་བཅོམ་སོང
འདི་རྨི་ལམ་ཞིག་གཏན་ནས་མ་རེད
 
སྐབས་དེར ངས་རང་དང་ཁ་གཏད་པའི་གྱང་ལས
ལན་གསལ་པོ་ཞིག་སྟེར་མིན་གྱི་རེ་བ་བྱས
 
མཚན་མོ་རིང་མིན་སུ་ལའང་གསལ་མོད
དུས་རབས་ཀྱི་མཚན་མོ་ནག་པོ་ཞིག་རེད
དེ་ནི
ཕ་ལོས་གངས་འདབས་ནས་བོར་བའི་ཞྭ་མོ་དང་གཉིས་སུ་མ་མཆིས
 
ཁོ་རང་གཉིད་ལས་མ་སད་རུང
དུས་ཚོད་མུ་མཐུད་དུ་འགྲོ་བཞིན་འདུག
 
རྨི་ལམ་གཉིད་སོང་ན་རྙེད་རྒྱུ་ཞིག་ཡིན་མིན་མི་ཤེས་རུང
མཚམས་འདིར་ཐོན་དུས
ངས་ཁོ་བོའི་རྨི་ལམ་ལ་འཆར་ཡན་བྲིས
                              ནུབ་བྱང་གི༼ སྙན་ངག་ཚགས་པར ༽ སྟེང་བཀོད།
 

             གཡོར་གྲུ
རླབས་ཀྱི་ཟེགས་མ་རུ་འདྲེས་པའི
རྒྱ་མཚོ་སྔོན་པོའི་གཏམ་རྒྱུད
གཡོ་བར་བྱེད་པའི་རྨི་ལམ་དུ་འཛུལ
གཡོར་གྲུ་མདུན་ལ་བསྐྱོད་པའི་གཟུགས
མིག་ནང་གི་ལྟད་མོ་གཞན་ཞིག་དེ་རེད
 
བསམ་པ་བཞི་རུ་གྱེས་པའི་བརྡ་རྟགས
ཕྱོགས་བརྒྱད་དུ་གྱེས
དེའི་ཁྲོད་ནད་འབུས་པའི་སྨྱུག་མ་དཀར་པོ
རླུང་གིས་འཐུང་ཤིང་སླར་ཡང་བཞད
 
རི་བོ་སྨུག་པར་འཁྱིལ་བའི་ལ་དང་ལུང་བ
གཡོར་གྲུའི་རྗེས་སུ་བཞག
སྔུན་ན་ཅི་ཡང་མེད་པའི་སྟོང་ཁམས
དགུ་ཚུགས་མ་ཡིན་པའི་དགུ་ཚུགས་དེར་འདྲེས
                                                     ༢༠༡༣.༣.༢༨ཉིན་བྲིས།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།