ཞིང་སྡེ་གསར་བ།

མགར་རྩེ་ཨུ་རྒྱན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-31

སྡོང་ལོ་ཤག་ཤག་ཏུ་འཐོར་བའི་སྟོན་མཇུག་དེར
སྐྱ་མི་ཁེར་འགྲོ་ཞིག     རི་བོའི་ཕ་རོལ་ཀྱི་གྲོང་འདབས་སུ་སྐྱོད་ཀྱིན་ཡོད

ཁོའི་རྗེས་ཤུལ་དུ་འཐོར་པའི་སྡོང་ལོ་དེ་དག་ཀྱང
རླུང་གིས་གཙེས་པའི་ཤག་སྒྲ་ཡི་མྱ་ངན་དང་ལྷན་དུ
གདོང་མདོག་སྐྱ་བོར་གྱུར་ཅིང       ཚེ་མཇུག་གི་ཁ་ཆེམས་ལ་བྲེལ་གྱིན་གདའ
     
བསམ་གཞིག་གོམ་སྟབས་ལ་བསྲེས་ནས
མདུན་དུ་སྐྱོད་ཀྱིན    ཞིང་སྡེ་གསར་བ་དེའི་འདབས་རོལ་ཏུ་བསླེབས་སོང
ལམ་འགྲམ་གྱི་མི་ཁ་ཤས་ལ      སྐད་ཆ་ཚིག་འགའ་ལབ་ཀྱང
ལག་བརྡ་ཡི་རྣམ་འགྱུར་ཙམ་ལས་མ་ཐོས   
       
སྐྱ་མི་དེའི་སེམས་སུ        གློ་བུར་དུ་འདས་དོན་ཞིག་འཁོར་བྱུང
ལོ་ངོ་བཅོ་བརྒྱད་ཀྱི་ཡར་སྔོན་ཙམ་ལ    ཞིང་སྡེ་འདིར་མག་པ་ཁ་ཤས་བསུ་མྱོང
ཁོ་ཚོ་ནི་སྡུག་རུས་ཆེ་ཞེས་རྒན་པོ་འགས་བསྟོད་བསྔགས་ཀྱང་བྱེད་མྱོང
དེ་རིང་ཁ་སང         ཁོ་ཚོས་ཞིང་སྡེ་གསར་བ་ཞིག་བཙུགས་ཅིང
བོད་སྐད་ཚིག་གཅིག་ཀྱང་མི་ལབ་པ་མ་ཡིན་ནམ    
ཞེས་ཁེར་ལབ་བྱེད་ཀྱིན་མདུན་དུ་སྐྱོད
            ༢༠༡༣    ༣   ༢༣     དགོང་མོར་བྲིས།
      

       
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞིང་སྡེ་གསར་བ།

2013-03-31 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།

སྡོང་ལོ་ཤག་ཤག་ཏུ་འཐོར་བའི་སྟོན་མཇུག་དེར
སྐྱ་མི་ཁེར་འགྲོ་ཞིག     རི་བོའི་ཕ་རོལ་ཀྱི་གྲོང་འདབས་སུ་སྐྱོད་ཀྱིན་ཡོད

ཁོའི་རྗེས་ཤུལ་དུ་འཐོར་པའི་སྡོང་ལོ་དེ་དག་ཀྱང
རླུང་གིས་གཙེས་པའི་ཤག་སྒྲ་ཡི་མྱ་ངན་དང་ལྷན་དུ
གདོང་མདོག་སྐྱ་བོར་གྱུར་ཅིང       ཚེ་མཇུག་གི་ཁ་ཆེམས་ལ་བྲེལ་གྱིན་གདའ
     
བསམ་གཞིག་གོམ་སྟབས་ལ་བསྲེས་ནས
མདུན་དུ་སྐྱོད་ཀྱིན    ཞིང་སྡེ་གསར་བ་དེའི་འདབས་རོལ་ཏུ་བསླེབས་སོང
ལམ་འགྲམ་གྱི་མི་ཁ་ཤས་ལ      སྐད་ཆ་ཚིག་འགའ་ལབ་ཀྱང
ལག་བརྡ་ཡི་རྣམ་འགྱུར་ཙམ་ལས་མ་ཐོས   
       
སྐྱ་མི་དེའི་སེམས་སུ        གློ་བུར་དུ་འདས་དོན་ཞིག་འཁོར་བྱུང
ལོ་ངོ་བཅོ་བརྒྱད་ཀྱི་ཡར་སྔོན་ཙམ་ལ    ཞིང་སྡེ་འདིར་མག་པ་ཁ་ཤས་བསུ་མྱོང
ཁོ་ཚོ་ནི་སྡུག་རུས་ཆེ་ཞེས་རྒན་པོ་འགས་བསྟོད་བསྔགས་ཀྱང་བྱེད་མྱོང
དེ་རིང་ཁ་སང         ཁོ་ཚོས་ཞིང་སྡེ་གསར་བ་ཞིག་བཙུགས་ཅིང
བོད་སྐད་ཚིག་གཅིག་ཀྱང་མི་ལབ་པ་མ་ཡིན་ནམ    
ཞེས་ཁེར་ལབ་བྱེད་ཀྱིན་མདུན་དུ་སྐྱོད
            ༢༠༡༣    ༣   ༢༣     དགོང་མོར་བྲིས།
      

       
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།