སྙིང་ཉེ་མ། ད་ནི་ལེ་ལན་མེད་པར་བྱོས།

            ---D.R.Cལ།

ཉི་མ་རི་ལ་བརྒལ་ཐེངས་རེར།
ངས་བསམ་བློ་ཞིབ་མོ་བཏང་ཡོད།
སྙིང་སྡུག་མ། ད་ནི་ལེ་ལན་མེད་པར་བྱོས།
 
རྡུལ་ནག་ལོང་ལོང་འཐིབ་པའི་དགུང་གཞུང་འདིར།
ར་རོ་བའི་སྡོང་རྒན་དག་ངང་གིས་འགུལ་ཞིང་།
སྒྱིད་ལུག་གི་ལུས་པོ་འཁྱར་འཁྱོར་གཡོ།
 
ཐོག་མར་བཏབ་པའི་བརྩེ་དུང་གི་ས་བོན།
ད་ནི་དགུང་ཁའི་རྡུལ་ཕྲན་དང་དབྱེར་མེད་འདྲེས་ཏེ།
གྲང་རླུང་ལ་གང་སར་འཁུར་དུ་འཇུག་རོགས།
 
ཟིན་མི་སྲིད་པ་དེ་དག་ལ།
ཐོབ་མི་འོས་པ་དེ་དག་ལ།
ངས་གཏན་དུ་ཨུ་ཚུགས་བྱེད་འདོད་བྲལ་བས།
ང་ལ་ཀུ་ཡངས་ཐེངས་ཤིག་གནང་རོགས་ཞུ།
 
ཉི་མ་རི་ལ་བརྒལ་སོང་།
དོ་དགོང་གི་མུན་པ་སྔར་བཞིན་མཐུག
ང་རང་གློག་རྩིས་ཀྱི་ཁ་གཏད་དུ་བསྡད་དེ།
ཁྱོད་ལ་བདེ་མོ་འཇོག་བཞིན་ཡོད།
 
སྐྱེ་བ་ཕྱི་མ།
སྐྱེ་བ་ཕྱི་མ་ཡོད་ཨེ་སྲིད།
ངས་གཏན་དུ་བུ་ལོན་ལྟ་བུའི་མནའ་ཚིག་ཅིག་བོར་མི་འདོད།
 
སྙིང་ཉེ་མ། ད་ནི་ལེ་ལན་མེད་པར་བྱོས།
ངས་རང་ཉིད་ཀྱི་འཚོ་བར་ཆག་སྒོ་བསླང་བར་འཇིགས་ཤིང་སྐྲག
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་ཉེ་མ། ད་ནི་ལེ་ལན་མེད་པར་བྱོས།

2013-03-28 སྨག་འཇོམས། ཀློག་གྲངས། མཆན ཡོད།

            ---D.R.Cལ།

ཉི་མ་རི་ལ་བརྒལ་ཐེངས་རེར།
ངས་བསམ་བློ་ཞིབ་མོ་བཏང་ཡོད།
སྙིང་སྡུག་མ། ད་ནི་ལེ་ལན་མེད་པར་བྱོས།
 
རྡུལ་ནག་ལོང་ལོང་འཐིབ་པའི་དགུང་གཞུང་འདིར།
ར་རོ་བའི་སྡོང་རྒན་དག་ངང་གིས་འགུལ་ཞིང་།
སྒྱིད་ལུག་གི་ལུས་པོ་འཁྱར་འཁྱོར་གཡོ།
 
ཐོག་མར་བཏབ་པའི་བརྩེ་དུང་གི་ས་བོན།
ད་ནི་དགུང་ཁའི་རྡུལ་ཕྲན་དང་དབྱེར་མེད་འདྲེས་ཏེ།
གྲང་རླུང་ལ་གང་སར་འཁུར་དུ་འཇུག་རོགས།
 
ཟིན་མི་སྲིད་པ་དེ་དག་ལ།
ཐོབ་མི་འོས་པ་དེ་དག་ལ།
ངས་གཏན་དུ་ཨུ་ཚུགས་བྱེད་འདོད་བྲལ་བས།
ང་ལ་ཀུ་ཡངས་ཐེངས་ཤིག་གནང་རོགས་ཞུ།
 
ཉི་མ་རི་ལ་བརྒལ་སོང་།
དོ་དགོང་གི་མུན་པ་སྔར་བཞིན་མཐུག
ང་རང་གློག་རྩིས་ཀྱི་ཁ་གཏད་དུ་བསྡད་དེ།
ཁྱོད་ལ་བདེ་མོ་འཇོག་བཞིན་ཡོད།
 
སྐྱེ་བ་ཕྱི་མ།
སྐྱེ་བ་ཕྱི་མ་ཡོད་ཨེ་སྲིད།
ངས་གཏན་དུ་བུ་ལོན་ལྟ་བུའི་མནའ་ཚིག་ཅིག་བོར་མི་འདོད།
 
སྙིང་ཉེ་མ། ད་ནི་ལེ་ལན་མེད་པར་བྱོས།
ངས་རང་ཉིད་ཀྱི་འཚོ་བར་ཆག་སྒོ་བསླང་བར་འཇིགས་ཤིང་སྐྲག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།