འུ་གཉིས་ལས་ཀྱིས་ཐུག་བྱུང་།


འཚམས་འདྲིའི་ལག་འཇུ་དམ་པོ
ལས་འཕྲོའི་མདུད་པ་རང་མདུད
འུ་གཉིས་ཀྱི་ལས་དབང་གཅིག་རེད
 
འདྲིས་ཆེ་བའི་སེམས་ཀྱི་དུང་བ
ར་བཟི་བའི་ཚོར་བ་ནེམ་ནུར
འུ་གཉིས་ཀྱི་སྣང་བ་གཅིག་རེད
 
ཡོད་ཚད་རྗེན་པར་སྨྲ་བ་ཁྱོད་ཀྱི་དགའ་བ
འཚོ་བར་གཟབ་འཆོར་སྤྲས་པ་ང་ཡི་རང་དབང
འུ་གཉིས་ཀྱི་མོས་འདུན་མི་གཅིག་སོ་སོ
 
ཅིས་ཀྱང   གྲོགས་ལགས
གོད་ཆག་གི་ལོ་ཟླའི་གངས་རླུང་ཁྲོད
འུ་ཚང་གི་ལོ་རྒྱུས       སློག་ཁུག་ན་བདེ་བར་གཟིམ་པ
གནའ་མི་ཚོས་གླེན་རྟགས་ཡིན་མི་དགོས
 
 
ཅིས་ཀྱང      གྲོགས་ལགས
མཐོ་སྒང་གི་གནམ་ཟླར་འགྱུར་ལྡོག་སྐྱེན་པས
འུ་ཚོས་རང་ཉིད་གཅེར་བར་ཕུད་མི་སྲིད་ལ
སྔར་བྱུང་ཡང་དམར་བཤུ་ག་ལ་རུང་ངམ
 
གང་ལྟར
དུས་མཐའི་རླུང་རྒོད་ཀྱི་འཇབ་བུས
རུས་རྐང་ལ་གཙེས་པའི་དེར་དགོང
ཁྱོད་རང་བདག་གི་རུམ་དུ          གཅེར་བུར་འཛུལ་བྱུང
 
གང་ལྟར
འཁྱག་སིབ་སིབ་ཀྱི་ཁ་སང་གླེང་བཞིན
མཆུ་ལྷེབ་ལྷེབ་ཀྱིས་སེམས་གཏམ་བརྗོད་བཞིན
འུ་གཉིས་ལས་ཀྱིས་ཐུག་བྱུང
           ༢༠༡༢་༡༢་༡༢ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་གཉིས་ལས་ཀྱིས་ཐུག་བྱུང་།

2013-03-02 ཚེ་སྒྲོན་སྐྱིད། ཀློག་གྲངས། མཆན ཡོད།


འཚམས་འདྲིའི་ལག་འཇུ་དམ་པོ
ལས་འཕྲོའི་མདུད་པ་རང་མདུད
འུ་གཉིས་ཀྱི་ལས་དབང་གཅིག་རེད
 
འདྲིས་ཆེ་བའི་སེམས་ཀྱི་དུང་བ
ར་བཟི་བའི་ཚོར་བ་ནེམ་ནུར
འུ་གཉིས་ཀྱི་སྣང་བ་གཅིག་རེད
 
ཡོད་ཚད་རྗེན་པར་སྨྲ་བ་ཁྱོད་ཀྱི་དགའ་བ
འཚོ་བར་གཟབ་འཆོར་སྤྲས་པ་ང་ཡི་རང་དབང
འུ་གཉིས་ཀྱི་མོས་འདུན་མི་གཅིག་སོ་སོ
 
ཅིས་ཀྱང   གྲོགས་ལགས
གོད་ཆག་གི་ལོ་ཟླའི་གངས་རླུང་ཁྲོད
འུ་ཚང་གི་ལོ་རྒྱུས       སློག་ཁུག་ན་བདེ་བར་གཟིམ་པ
གནའ་མི་ཚོས་གླེན་རྟགས་ཡིན་མི་དགོས
 
 
ཅིས་ཀྱང      གྲོགས་ལགས
མཐོ་སྒང་གི་གནམ་ཟླར་འགྱུར་ལྡོག་སྐྱེན་པས
འུ་ཚོས་རང་ཉིད་གཅེར་བར་ཕུད་མི་སྲིད་ལ
སྔར་བྱུང་ཡང་དམར་བཤུ་ག་ལ་རུང་ངམ
 
གང་ལྟར
དུས་མཐའི་རླུང་རྒོད་ཀྱི་འཇབ་བུས
རུས་རྐང་ལ་གཙེས་པའི་དེར་དགོང
ཁྱོད་རང་བདག་གི་རུམ་དུ          གཅེར་བུར་འཛུལ་བྱུང
 
གང་ལྟར
འཁྱག་སིབ་སིབ་ཀྱི་ཁ་སང་གླེང་བཞིན
མཆུ་ལྷེབ་ལྷེབ་ཀྱིས་སེམས་གཏམ་བརྗོད་བཞིན
འུ་གཉིས་ལས་ཀྱིས་ཐུག་བྱུང
           ༢༠༡༢་༡༢་༡༢ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།