སེམས་ཀྱིས་བརྒལ་བ།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-21


རྨི་ལམ་གྱི་ཕ་མཐའ་ན་ལུས་པའི་དྲོད་ཐིག་ཅིག
རི་རབ་ཁྲི་ཕྲག་གི་གདུང་སེམས་ཀྱིས་དེད་པའི།
ཉི་ཟེར་གྱི་ཕྲེང་བ་དང་དུས་གསུམ་གྱི་སྨྲ་ལྕེ་དག
ཡུན་ནས་ཡུན་དུ་བསྲིང་བའི་ལག་ཟུང་གི་རྨ་ཤུལ།
རྫོགས་ཟིན་པ་དང་འཚང་བཞིན་པའི་སྤྲིན་ཕུང་།

མིག་ཟུང་ལ་འོད་སྣང་ཕོག་པ་ཇི་བཞིན་དུ།
མག་མོག་གི་ལོ་ཟླ་ཞག་སྦྲེལ་ཅིག
ལྕགས་ཀྱི་གོང་བུ་ནས་སྦུབས་སུ་འཁུམ་སྟེ།
ཚ་དྲོད་ཀྱིས་ཁྱབ་པའི་ཉི་མའི་དཀྱིལ་འཁོར་ཅིག་དྲན།
ཁྱེད་ཀྱི་ཕང་བ་རུ་ལུས་སེམས་ཀྱི་ངལ་གསོ་ཐེངས་གཅིག་བྱ་འདོད།

དྲན་བཞིན་པ་དང་འཆོར་བཞིན་པ་ཡོད་ཚད།
ངག་གིས་བཟོད་བསྲན་གྱི་ལྕགས་ལུང་བརྒྱབ་ཟིན་པ་ཡོད་ཚད།
བྱེ་ཐང་གི་རུམ་གཞོང་ནས་མཐོ་སྒང་གི་རྫ་སྒང་ལ་སྐྱེལ་བཞིན།
སེམས་ཀྱི་ལྕགས་ཐག་རིང་མོ་ཞིག་ལུས་ཕུང་གིས་འདྲུད་བཞིན།

འདི་ལྟར  འཆར་ཡན་དང་རྨི་ལམ་རྫོགས་མེད་ཅིག
འདས་སོང་གི་གཏམ་རྒྱུད་དང་རེ་བའི་འདུན་མ་དག
ད་དུང་།   ཡིད་ཀྱི་ཟབ་ས་ན་སྒོམ་གྱིན་པའི་གཙང་བོ་ཅིག
སེམས་ལ་རྣག་སྟེ་སེམས་ཀྱིས་བཞལ་དགོས།

     ཕྱི་ལོ༢༠༡༢ལོའི་བོད་ཟླ༡༢པའི་ཚེས༡༩ཉིན་ལ་ཅོ་ནེ་རྫོང་ཐོག་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱིས་བརྒལ་བ།

2013-02-21 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།


རྨི་ལམ་གྱི་ཕ་མཐའ་ན་ལུས་པའི་དྲོད་ཐིག་ཅིག
རི་རབ་ཁྲི་ཕྲག་གི་གདུང་སེམས་ཀྱིས་དེད་པའི།
ཉི་ཟེར་གྱི་ཕྲེང་བ་དང་དུས་གསུམ་གྱི་སྨྲ་ལྕེ་དག
ཡུན་ནས་ཡུན་དུ་བསྲིང་བའི་ལག་ཟུང་གི་རྨ་ཤུལ།
རྫོགས་ཟིན་པ་དང་འཚང་བཞིན་པའི་སྤྲིན་ཕུང་།

མིག་ཟུང་ལ་འོད་སྣང་ཕོག་པ་ཇི་བཞིན་དུ།
མག་མོག་གི་ལོ་ཟླ་ཞག་སྦྲེལ་ཅིག
ལྕགས་ཀྱི་གོང་བུ་ནས་སྦུབས་སུ་འཁུམ་སྟེ།
ཚ་དྲོད་ཀྱིས་ཁྱབ་པའི་ཉི་མའི་དཀྱིལ་འཁོར་ཅིག་དྲན།
ཁྱེད་ཀྱི་ཕང་བ་རུ་ལུས་སེམས་ཀྱི་ངལ་གསོ་ཐེངས་གཅིག་བྱ་འདོད།

དྲན་བཞིན་པ་དང་འཆོར་བཞིན་པ་ཡོད་ཚད།
ངག་གིས་བཟོད་བསྲན་གྱི་ལྕགས་ལུང་བརྒྱབ་ཟིན་པ་ཡོད་ཚད།
བྱེ་ཐང་གི་རུམ་གཞོང་ནས་མཐོ་སྒང་གི་རྫ་སྒང་ལ་སྐྱེལ་བཞིན།
སེམས་ཀྱི་ལྕགས་ཐག་རིང་མོ་ཞིག་ལུས་ཕུང་གིས་འདྲུད་བཞིན།

འདི་ལྟར  འཆར་ཡན་དང་རྨི་ལམ་རྫོགས་མེད་ཅིག
འདས་སོང་གི་གཏམ་རྒྱུད་དང་རེ་བའི་འདུན་མ་དག
ད་དུང་།   ཡིད་ཀྱི་ཟབ་ས་ན་སྒོམ་གྱིན་པའི་གཙང་བོ་ཅིག
སེམས་ལ་རྣག་སྟེ་སེམས་ཀྱིས་བཞལ་དགོས།

     ཕྱི་ལོ༢༠༡༢ལོའི་བོད་ཟླ༡༢པའི་ཚེས༡༩ཉིན་ལ་ཅོ་ནེ་རྫོང་ཐོག་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།