གོ་ལ་ཟླུམ་པོ་འདི་ང་ཚོའི་གཞིས་ཁྱིམ་ཡིན།

ཁ་སང་འོད་སྟོང་འཕྲོ་བའི་རིག་གཞུང་གི་མ་དཔེ་ཟབ་མོའི་རང་མདངས་ཉམས་འདུག
དེ་རིང་དུས་གསར་ཟེར་བའི་རིག་སྤོབས་ཀྱི་ཧབ་ཐོབ་འགའ་རེ་ཞེ་ཁྲེལ་སྦས་འདུག
སྨྲས་ཚུལ་གྱི་ལྗང་མདོག་ཅན་རླུང་བུ་དེའི་འདྲེ་ལག་བསྲིངས་ཐལ་ཟེར
ལྟོ་ལྷག་དེའི་རྒྱབ་ཁུག་ཏུ་བཅུག་ཐལ་ཟེར་བའི་ཐོས་སྐད་དག
སུ་དང་གང་གིས་མི་ཅོར་རྒྱག་གིན་པ་སྒྲོ་འདོགས་མ་ཡིན་ཀྱང
རྒྱབ་རི་དེ་སྒུལ་བའི་ནུས་པ་སུ་ལ་ཡོད
རྟོགས་ལུགས་དེ་དག་ཐེར་ཕོད་མཁན་གང་ན་ཡོད
 
སྐྱ་མི་ལ་ཁྲེལ་དགོད་འཕྱ་བའི་འཕྲུལ་འཁོར་གྱི་བཤང་དྲའི་དྲི་ངད་འགེམས་སོང
སྦྲ་ནག་ལ་དཔུང་བའི་རྡེག་པའི་ཨར་འདམ་གྱི་ལྗགས་པས་གྲམ་པ་གཞིབ་སོང
རྣོ་ལྕགས་ལ་གཡབ་མོ་གཏོང་བའི་གློག་ཤུགས་ཀྱི་ཚ་བས་རྩྭ་ཐང་གཞོབ་སོང
གཡག་རྒོད་ལ་ཁུ་ཚུར་གཡུག་པའི་ཕྱག་རིང་མའི་མཆེ་བས་ས་གཞི་གདགས་སོང
 
རང་བྱུང་མཛེས་སྡུག་གི་ཁང་བཟང་ལ་བཟོ་བཅོས་རྒྱབ་ཏེ
དྭངས་གཙང་ལྷད་མེད་ཀྱི་ལྷ་ཆུབ་སྔོན་མོ་འབག་གིས་བསླེས་ན
ས་ཆེན་པོས་འཕག་འཚག་གི་རོ་ལངས་རྒྱག་པར་ཁག་ཅི
ཆུ་ཆེན་པོས་ལྷོག་སྲེད་ཀྱི་འོ་དོད་བསྒྲོག་པར་ཁག་ཅི
མཚོ་ལྟེམས་པོས་ཁྲོ་ཉམས་ཀྱི་རླབས་ཞགས་འཕེན་པར་ཁག་ཅི
འབྱུང་བཞི་ལ་གང་ཟག་གི་གཙང་བས་ཐོབ་རེག་གི་ལྐོག་གྱུར་ཅིག་མཚོན་ཡོང་བ་མི་སྙམ་
མམ
དབུགས་རྒྱུ་ངན་ངོན་བརྡོལ་བའི་རྨུ་ཐག་སྟར་མ
ངོ་གཉིས་མའི་སོ་ཁར་སློན་ཚད་ཟགས་པས
སྤུ་མདོག་དང་གདངས་དབྱངས་སོགས་སྲོག་ལྡན་གྱི་ཕུང་བོ་ཡ་མ་གཟུགས་ཀྱིས་ཀྱང
རང་ཉིད་ལ་མངོན་བརྡ་ཞིག་སྤྲད་མི་ཡོང་ངམ
དེ་ལྟར་སེམས་ཅན་རིགས་རྒྱུད་མོད་པོའི་ལང་ཚོའི་མེ་ཏོག་གི་ལྡུམ་རའང
འབྱུང་འགྱུར་གྱི་མེས་པོ་ཚོས་བརྣངས་སུ་འཇུག་བསམ་ཨང
 
གོ་ལ་ཟླུམ་པོ་འདི་ང་ཚོའི་གཞིས་ཁྱིམ་ཡིན
ཡིན་ཡང  དངུལ་ལོར་གྱིས་མཇུག་མ་སྦྲེལ་བའི་བདེན་པ་གདོང་འབག་མནབས་མཁན་ཚོ
གཙིགས་སུ་གཅེས་ཏེ་སྐུ་བརྗིད་ཀྱིས་ཚིག་བརྗིད་རེ་ལབ་པར་སྣང་དོག་མེད་ཀྱང
དོན་དངོས་ཀྱི་ལག་ཏུ་སྟར་བར་དོ་སྣང་ཡེ་ནས་ཕྲ་བས
བདག་གི་འདོད་ཡོན་ལྔའི་སྐྱེ་མཆེད་ཀྱང་ཐྰན་ཏུ་བསྒྱུར་ཙ་ན་སེམས་ཀྱིས་ཚོར
ཀྱུ་ཧུད  དམངས་ལ་ཁྲིད་སྟོན་བྱེད་པའི་ཐོབ་ཐང་གི་བདག་པོ་ལྟོ་བ་འགེངས་སོང་ངམ
མིག་ཤེལ་གདོང་ལ་ལྗིད་པས་ལུས་སྦྲིད་མགོ་ཡོམ་གྱིས་འགྱེལ་སོང
འཇིགས་དུས་སྐྱབས་གྲོགས་རེ་སའི་དེ་ཉིད་ཀྱི་སྒོམ་པའི་སྡོམ་པ་ཤོར་སོང་ངམ
དབེན་བཤུལ་བགྲོལ་པར་ཁག་པས་ཞེ་ཆད་ཧོན་ཐོར་ཏུ་ལུས་སོང
སྟོང་བསམ་ཁྲག་ལ་བརྫི་བའི་ཧོལ་རྒྱུག་གི་དཔའ་བོའི་ལག་ཟུང་རྡུམ་སོང་ངམ
དཔའ་ཞུམ་མལ་དུ་འཁུམས་པས་ཕུང་བོ་སྐྲག་སྣང་གིས་འདྲིལ་སོང
བསམ་བློའི་རྣོ་ངར་བརྡར་བའི་དྲན་དབང་གི་ཁྱུ་ཡི་ཁ་ལྕེ་ལྐུགས་སོང་ངམ
རླུང་བུ་རྒྱུ་ཕྱོགས་ཞིག་གིས་མགྲིན་པའི་ངག་ཚིག་དེ་བསྡམས་སོང
ལྟོས་དང    སོམས་དང  ཤོད་དང
ཁྱེད་ཚོས་ཅི་ཞིག་ལ་སྒུག་ཉམས་ཀྱིས་བག་ཡངས་སུ་ཧོན་ཐོར་ཡོད
ཡང་ལན་རེར་ཅི་ཞིག་མ་འགྲུབ་པའི་རྣམ་པས་བྲེལ་འཚུབ་ཀྱིས་རང་སོར་བྱེར
ཤ་གསེང་ལ་ཚེར་མ་ཟུག་པ་དང་སྐྱི་ལྤགས་ལ་གྲོག་མས་རྨུགས་པ་ཙམ
ང་ཚོ་གནས་པའི་གོ་ལ་འདིའི་སྒལ་གཞུང་ལ་དེ་ཀ་ཙམ་རྦད་དེ་མ་ཡིན་པར
མི་ལུས་རྣལ་མ་ཡི་བྱང་ཁོག་རྨང་ནས་འདྲུ་བའི་ནག་ཉེས་སུ
གཞི་ནས་འཁུམས་པ་མ་ཡིན་ནམ
 
མིག་ཟུང་གིས་མདུན་ལྗོངས་གཅིག་པར་མ་གཏོགས་ཕྱོགས་འཁོར་ཀུན་ཏུ་གཟིགས་ཆོག
སྙིང་ཆུང་གིས་རང་ཉིད་གཅིག་པའི་མ་ཚད་སྲོག་ལྡན་ཡོད་དོ་བསམ་ཆོག
དེའི་ན་རྒྱུ་འབྲས་ལས་ཀྱིས་བཙགས་པའི་གོད་ཆགས་ཤིག་ཐོག་ཏུ་བབས་ཚེ
ངུ་ཤུམ་དང་སྨྲེ་ངག་གིས་གནམ་སྔོན་པོར་མགོ་བོ་སྒུར་ཅིང་ས་དོག་མོ་རྐང་ར་བྱས་པས
ཅི་ཞིག་ཐོབ
སྔ་ས་ནས་མནོ་བསམ་གྱི་རྟོག་གཞི་ཞིག་འཚོལ་དགོས
ངེས་དོན་གྱི་བདེན་ལུགས་ཤིག་སྙེགས་དགོས
 
དངོས་གནས་དག་ཞིང་དུ་སྦྲན་ཆོག་པའི་ཡུལ་གྲུ་ཞིག
སྙིགས་དུས་ཀྱི་གང་ཟག་གི་ལག་ཏུ་ཕོངས་པའི་རྨོངས་སྐྱོའི་བདེན་སྟོབས་ཀྱི་ཁ་ཕོ་འདི
སུ་ལ་བརྗོད  ས་ཡིས་གསན
དོན་དམ་དུ  དོན་དམ་དུ
ཁྱེད་ཀྱིས་ང་ཡི་རྐང་འོག་འབྲད་པ་དང་ང་ཡིས་ཁྱེད་ཀྱི་མགོ་བོ་རྡུང་པ་མ་ཡིན་ནམ
དེ་བཞིན    ཚེ་སྲོག་གིས་ཚེ་སྲོག་གི་ཕྲེང་བར་རྫོགས་ཚིག་འབྲི་བ
ཁྱེད་ཅག་གིས་་་་་མཐོང་་་་་་ཨེ་་་་་བྱུང

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་ལ་ཟླུམ་པོ་འདི་ང་ཚོའི་གཞིས་ཁྱིམ་ཡིན།

2013-02-06 བསེ་སངས་མཁར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།