པོ་ཏཱ་ལ།

སྲུང་མདུད་ལྗང་ཁུ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-04


ཁྱོད་ནི་གཟུགས་འགྱུར་བའི་ལས་ཚིག་དེའོ།།
ཁྱོད་ནི་གཟུགས་མྱི་འགྱུར་བའི་ལས་ཚིག་དེའོ།།
ཁྱོད་ནི་ཐུང་ངུ་དང་རིང་པོ་རྣམས་སོ།།
ཁྱོད་ནི་ལེབ་ཀྱི་གཤོག་སྟེང་གི་རྡུལ་ལོ།།
ཁྱོད་ནི་ཕྱིར་མིག་མདའ་མོས་རྨས་པ་དེའོ།།
ཁྱོད་ནི་ལན་བུའི་ནང་གི་ཇ་ལ་དམར་པོ་དེའོ།།
ཁྱོད་ནི་བཞུར་མི་ཚར་བའི་ཤང་ཤང་གི་སྒྲ་དེའོ།།
ཁྱོད་ནི་གློག་སྐུད་སྟེང་གི་མཆིལ་བ་དེའོ།།
ཁྱོད་ནི་བྲག་ཐེམ་གྱི་རྒོད་པོ་དེའོ།།
ཁྱོད་ནི་ཆར་གདུགས་འོག་ཏུ་ང་ལ་འཐམས་པའི་བུ་མོ་དེའོ།།
ཁྱོད་ནི་ཆར་གདུགས་ལས་ང་ཡི་གདོང་ལ་འཐིགས་པའི་ཆུ་ཐིགས་དེའོ།།
ཁྱོད་ནི་ཆར་གདུགས་འོག་གི་དྲོད་འཇམ་གྱི་མཆུ་སྒྲོས་དེའོ།།
ཁྱོད་ནི་ཁུར་བའི་ལོ་མའི་ནང་གི་དམར་པོ་དེའོ།།
ཁྱོད་ནི་མནམས་ཟིན་པའི་མེ་ཏོག་གློ་དམར་དེའོ།།
ཁྱོད་ནི་མནམ་མ་ཐུབ་པའི་མེ་ཏོག་ལྗང་ཁུ་དེའོ།།
ཁྱོད་ནི་ནོམ་གྱིན་པའི་མེ་ཏོག་གློ་དམར་དེའོ།།
ཁྱོད་ནི་སྤྱད་ཟིན་པའི་ལྷ་མོ་སྒྲེན་པོ་དེའོ།།
ཁྱོད་ནི་འཐུང་ཟིན་པའི་ཞོ་མཆོག་དེའོ།།
ཁྱོད་ནི་དུས་ཚོད་ཀྱི་ལག་པ་ཟུང་ངོ་།།
ཁྱོད་ནི་གསེར་གྱི་ཉི་མ་དེའོ།།
ཁྱོད་ནི་གཟིམ་ལ་ཉེ་བའི་མར་མེ་དེའོ།།
ཁྱོད་ནི་ཡུ་མོ་མདའ་ཁུར་མ་དེའོ།།
ཁྱོད་ནི་མཁའ་མཐའི་གླུ་སྐད་ཟ་ཟི་དེའོ།།
ཁྱོ་ནི་རླུང་དམར་ཁྲོད་ཀྱི་དར་ལྕོག་དེའོ།།
ཁྱོད་ནི་ལུས་དབང་གི་རྡོ་མཁར་སྨུག་པོ་དེའོ།།
ཁྱོད་ནི་སྐྱེ་མཆེད་དག་བཞུར་ཤུལ་གྱི་ཆུ་ཐིགས་དེའོ།།
ཁྱོད་ནི་འཇའ་ལུས་སུ་དེངས་ཤུལ་གྱི་གཟན་དམར་དེའོ།།
                                     ༢༠༡༢  ༢   ༡༠
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏཱ་ལ།

2013-02-04 སྲུང་མདུད་ལྗང་ཁུ། ཀློག་གྲངས། མཆན ཡོད།


ཁྱོད་ནི་གཟུགས་འགྱུར་བའི་ལས་ཚིག་དེའོ།།
ཁྱོད་ནི་གཟུགས་མྱི་འགྱུར་བའི་ལས་ཚིག་དེའོ།།
ཁྱོད་ནི་ཐུང་ངུ་དང་རིང་པོ་རྣམས་སོ།།
ཁྱོད་ནི་ལེབ་ཀྱི་གཤོག་སྟེང་གི་རྡུལ་ལོ།།
ཁྱོད་ནི་ཕྱིར་མིག་མདའ་མོས་རྨས་པ་དེའོ།།
ཁྱོད་ནི་ལན་བུའི་ནང་གི་ཇ་ལ་དམར་པོ་དེའོ།།
ཁྱོད་ནི་བཞུར་མི་ཚར་བའི་ཤང་ཤང་གི་སྒྲ་དེའོ།།
ཁྱོད་ནི་གློག་སྐུད་སྟེང་གི་མཆིལ་བ་དེའོ།།
ཁྱོད་ནི་བྲག་ཐེམ་གྱི་རྒོད་པོ་དེའོ།།
ཁྱོད་ནི་ཆར་གདུགས་འོག་ཏུ་ང་ལ་འཐམས་པའི་བུ་མོ་དེའོ།།
ཁྱོད་ནི་ཆར་གདུགས་ལས་ང་ཡི་གདོང་ལ་འཐིགས་པའི་ཆུ་ཐིགས་དེའོ།།
ཁྱོད་ནི་ཆར་གདུགས་འོག་གི་དྲོད་འཇམ་གྱི་མཆུ་སྒྲོས་དེའོ།།
ཁྱོད་ནི་ཁུར་བའི་ལོ་མའི་ནང་གི་དམར་པོ་དེའོ།།
ཁྱོད་ནི་མནམས་ཟིན་པའི་མེ་ཏོག་གློ་དམར་དེའོ།།
ཁྱོད་ནི་མནམ་མ་ཐུབ་པའི་མེ་ཏོག་ལྗང་ཁུ་དེའོ།།
ཁྱོད་ནི་ནོམ་གྱིན་པའི་མེ་ཏོག་གློ་དམར་དེའོ།།
ཁྱོད་ནི་སྤྱད་ཟིན་པའི་ལྷ་མོ་སྒྲེན་པོ་དེའོ།།
ཁྱོད་ནི་འཐུང་ཟིན་པའི་ཞོ་མཆོག་དེའོ།།
ཁྱོད་ནི་དུས་ཚོད་ཀྱི་ལག་པ་ཟུང་ངོ་།།
ཁྱོད་ནི་གསེར་གྱི་ཉི་མ་དེའོ།།
ཁྱོད་ནི་གཟིམ་ལ་ཉེ་བའི་མར་མེ་དེའོ།།
ཁྱོད་ནི་ཡུ་མོ་མདའ་ཁུར་མ་དེའོ།།
ཁྱོད་ནི་མཁའ་མཐའི་གླུ་སྐད་ཟ་ཟི་དེའོ།།
ཁྱོ་ནི་རླུང་དམར་ཁྲོད་ཀྱི་དར་ལྕོག་དེའོ།།
ཁྱོད་ནི་ལུས་དབང་གི་རྡོ་མཁར་སྨུག་པོ་དེའོ།།
ཁྱོད་ནི་སྐྱེ་མཆེད་དག་བཞུར་ཤུལ་གྱི་ཆུ་ཐིགས་དེའོ།།
ཁྱོད་ནི་འཇའ་ལུས་སུ་དེངས་ཤུལ་གྱི་གཟན་དམར་དེའོ།།
                                     ༢༠༡༢  ༢   ༡༠
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།