ཕ་སྐད་ཀྱི་རང་གཏམ།

མགོན་པོ་སྐྱབས།༼རྨ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-04

ང་རང་སྲང་མདོར་འཁྱམས་པའི་སྤྲང་རྒན་བགྲེས་པོ་དེ་ཡིན་ནམ།
ཉི་མ་ཤར་ནས་ནུབ་རག་བར་དུ།
སྐྱོ་གདུང་གི་མིག་ཀོང་དོང་དུ་ལྷུང་བ་མཆི་མས་ཁེངས་བཞིན།
ཟུངས་ཟད་ཀྱི་ཁ་ཤ་བཙག་གིས་གས་པ་ལྷབ་ལྷུབ་འགུལ་བཞིན།
རེ་ཆད་ཀྱི་ངོ་གདོང་སྐྱ་བོར་གྱུར་བ་འཛུམ་གྱིས་བསྡུ་བཞིན།
ལག་གཉིས་འདར་འདར་གྱིས་ག་ལེར་ཁྱེད་ཕྱོགས་སུ་བསྲིངས་ཀྱང་།
ཨ་ལན་དང་ཁ་ཡ་བྱེད་མཁན་ཅི་ཡང་མ་བྱུང་།

ད་ལྟ་ང་ལ་བརྟེན་ས་དང་འདུག་ས་ཅི་ཡང་མེད་པར།
གནའ་བོའི་སྦྲ་ནག་ཧྲལ་བོ་དེའི་སྒོ་ཁར་འགྲེང་ནས།
ལོ་རྒྱུས་ཀྱི་འཁར་བ་རེངས་པོ་དེར་ག་ལེར་བསྙེས་བཞིན།
བཀྲག་མདངས་ཡལ་ཅིང་སྔོ་ཡུག་ཡུག་གི་མིག་ཟུང་དལ་གྱིས་འགུལ་བཞིན།
གངས་རི་དང་སྤང་ལྗོངས། གཙང་བོ་བཅས་ལ་རྒྱང་ལྟ་ཐེངས་ཤིག་བྱེད་དུས།
ཡོད་ཚད་འགྱུར་ཅིང་ཡོད་ཚད་བརྗེས་འདུག་པ་འདྲ།

ང་རང་ཁང་རྙིང་དུ་ལུས་པའི་བདག་མེད་བགྲེས་པོ་དེ་ཡིན་ནམ།
ངས་ཀྱ་ཙེ་གོམ་ཙེ་བསླབས་པའི་བུ་ཆུང་དེས་ང་རང་བསྐྱུར་ནས་གྲོང་ཁྱེར་དུ་བུད་སོང་།
ངས་བརྩེ་བའི་སེམས་ཀྱིས་བསྐྱངས་པའི་བུ་མོ་དེས་ང་རང་བཞག་ནས་གཞན་ཁྱིམ་དུ་བུད་སོང་།
ད་ལྟ་ང་ལ་ལྟོགས་དུས་ཟས་སྟེར་མཁན་དང་གྲང་དུས་གོས་སྐོན་མཁན་ཡང་མི་འདུག

ང་རང་མཚེར་ཤུལ་དུ་ལུས་པའི་ཁྱི་རྒན་ལྡོམ་པོ་དེ་ཡིན་ནམ།
ང་རང་སྐྱེས་པ་ནས་ད་ལྟའི་བར་དུ།
ཁོ་ཚང་གི་ཕ་ནོར་རིན་ཆེན་སྲོག་གིས་སྲུང་ཞིང་།
སྒོ་ཕྱུགས་ཡོད་ཚད་སེམས་ཀྱིས་འཚོས་ནའང་།
ད་ལྟ་ང་རང་ཤུལ་དུ་བསྐྱུར་ནས་རུ་བ་སྤར་སོང་།
ཁོ་ཚོས་ང་ལ་སྐྱ་ཐིང་ཐིང་གི་རི་ཀློང་དང་གྲང་ཤུར་ཤུར་གྱི་ཁོར་ཡུག་བསྐྱུར་ནས།
ཞེ་འཚེར་བའི་ཉམས་སྣང་ཅི་ཡང་མེད་པར།
ཐ་ན་ཕྱི་བལྟས་ཙམ་ཡང་མེད་པར་ག་ལེར་བཞུད་སོང་།

ངས་རེ་ཐག་ཆད་པའི་མགོ་བོ་བྲང་ཁར་ལྷུང་ནས།
བདག་པོའི་རྗེས་སུ་རྒྱུགས་ཏེ་རྔ་མ་གཡུག་གཡུག་དང་།
མིག་ཟུང་འཛུམ་འཛུམ། ལྕེ་སྣར་སྣར་གྱིས་ཞུ་བ་ཇི་ལྟར་བྱས་ནའང་།
ཁོ་ཚོས་སྙིང་རྗེ་རྒྱུ་ལྟ་ཅི། ཐ་ན་རྡོ་བ་སྒྲུག་ནས་གཅར་རྡུང་གང་མང་བྱས་སོང་།

ངས་གནའ་བོའི་སྲོལ་བཟང་གི་རང་གཤིས་མ་ཡལ་བའི་ལབ་རྩེ་དེར་བསྐོར་བ་ཐེངས་ཤིག་བརྒྱབ་རྗེས།
ཕྱོགས་བཞི་མཚམས་བརྒྱད་མཐོང་བའི་རི་བོ་དེའི་རྩེ་རུ་བུད་དེ།
ཕྱོགས་ཡར་མར་ལ་ག་ལེར་ཞིབ་ལྟ་ཐེངས་ཤིག་བྱེད་དུས།
སེམས་པ་རྡོ་དང་འདྲ་བར་ག་ལེར་ག་ལེར་འཁྱགས་སོང་།

ང་ཕྱོགས་ཡར་མར་ལ་རྒྱུགས་ཏེ་ཞིབ་ཏུ་ཉན་དུས།
དབང་ཆེན་དཔོན་པོ་དེས་རྒྱ་སྐད་ད་མ་དིག་གིས་ཚོགས་གཏམ་བསྒྲགས་བྱུང་།
                                             བོད་མི་ཆེད་མཁས་དེས་གཞན་སྐད་རྐྱང་རྐྱང་སྤྱད་ནས་བོད་རྩོམ་བྲིས་སོང་།
ལུག་རྫི་ན་ཆུང་དེས་བོད་རྒྱ་འདྲེས་མའི་སྐད་ཀྱིས་ཁ་པར་བཏང་བྱུང་།
བྱིས་པ་པྲ་ཚགས་དེས་རྒྱ་སྐད་ཁོ་ན་སྤྱད་ནས་ལབ་གླེང་བྱས་སོང་།
གླུ་བ་མིང་ཅན་དེས་ཚིག་འབྲུ་རྒྱ་ཡིག་ཡིན་པའི་བོད་གླུ་བླངས་བྱུང་།
ཐ་ན་ཨ་མཆོད་དེས་འདོན་བཞིན་པའང་གོ་བརྡ་འཕྲོད་ཐབས་མ་བྱུང་།

རེད་ཡ། དཔོན་པོ་བཀྲ་ཤིས་ཀྱི་མདུན་ན་ངའི་ངོ་ཐང་ལ་གདེང་འཇོག་མི་འདུག
སློབ་མ་སྒྲོལ་མ་ཡི་ངག་ན་ངའི་གདངས་དབྱངས་དེ་བདེ་བོ་མི་འདུག
བུ་ཆུང་བསམ་འགྲུབ་ཀྱི་སྙན་ན་ངས་འབོད་པ་དེ་ཐོས་ཀྱིན་མི་འདུག

ངའི་སེམས་ཁོང་དུ་ཆུད་ཅིང་ཟུངས་ཟད་པའི་དངན་པ་ནར་ནར་འཐེན་བཞིན།
བསམ་གཞིག་དང་སྟོང་འདང་ཐེངས་ཤིག་རྒྱག་དུས།
རྟ་ཕོའི་རྨིག་སྒྲས་རི་རབ་འདར་བའི་ལྡིར་སྒྲ་ཞིག་རྣ་ལམ་དུ་མཆེད་ཅིང་།
གཙུག་ལག་རིག་གནས་ཀྱི་རྔམ་ཁ་མཐུག་པའི་ཡུལ་གྲུ་ཞིག་མིག་ལམ་དུ་འཆར་ཡོང་།
ང་དགའ་སྣང་སྐྱེ་བཞིན་རྣ་བ་ཅོར་ཅོར་དང་མིག་ཟུང་རིག་རིག་གིས་ཞིབ་ལྟ་ཐེངས་ཤིག་བྱེད་དུས།
མི་རྒན་བགྲེས་པོ་ཞིག་ལག་རྟེན་དུ་འཁེན་བཞིན་བྱིས་པ་སྣབས་ལུག་ཅིག་རྗེས་སུ་ཁྲིད་དེ།
དལ་བུར་ཉི་མ་ནུབ་ཕྱོགས་སུ་བཞུད་ཀྱིན་པ་མཐོང་བྱུང་།

ཀྱེ་མ། ད་ནི་ཟླ་བ་དང་སྐར་མའང་མེད་པའི་དུས་ཚིགས་འདི་ལ།
མུན་ཡོངས་སུ་རུབ་ན་ཅི་བྱ་ཨང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་སྐད་ཀྱི་རང་གཏམ།

2013-02-04 མགོན་པོ་སྐྱབས།༼རྨ་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།