གོམ་པ་དེ་ང་ཚོ་རང་ཉིད་ནས་སྤོས་ན་འགྲིག་འདུག

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-03

        ____གྲོགས་ཀྱི་དྭངས་མ་སྒོམ་ཚེ་ལ།
                                                                                       
ང་ཚོས་ནམ་ཡང་ཚ་འདྲི་ནན་མོ་ཞིག་གཏོང་དགོས་ཟེར་གྱིན་ཡོད
ང་ཚོས་ནམ་ཡང་འགྲམ་ལྕག་ཚ་བོ་ཞིག་བཞུ་དགོས་ཟེར་གྱིན་ཡོད
ང་ཚོས་ནམ་ཡང་རི་ཀླུང་དེ་དཀྲོགས་ན་འདོད་ཡོད
 
རང་སེམས་ལ་འདི་ལྟར་ལག་སྙོབ་བྱས་ན
གླུ་དེ་ང་ཆོ་རང་ཉིད་ནས་བླངས་ན་འོས་འདུག
བྲོ་དེ་ཡང་ང་ཚོ་རང་ཉིད་ནས་འཁྲབ་ན་འཚམ་འདུག
གོམ་པ་དེ་ང་ཚོ་རང་ཉིད་ནས་སྤོས་ན་འགྲིག་འདུག
 
གྲོགས་པོ་ལགས
ཚོར་བ་ཟེར་བ་དེ་བོར་བ་ནི
ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང
ཚོར་བ་ཟེར་བ་དེ་དང་བྲལ་རྗེས
ཁོང་ཚོ་ནི་གཤག་བཅོས་ཁང་གི་ནད་པ་ཞིག་དང་མཉམ་པར
སྨན་པས་གཡས་སུ་བསྐོར་ཆོག་ལ
གཡོན་དུའང་བསྐོར་ཆོག་འདུག
 
དེ་རིང་ང་ཡང་སྐྲག་སྐྲག་ཅིག་གིས
ཁྱོད་རང་ལ་གྲོས་མོལ་ཞིག་གི་ཚབ་དུ
སྙན་ངག་འདིའི་མགྲིན་པ་འཁྱུད་བཞིན
 
ཁྱོད་ཚོ་དང་རྨ་ཆུ་ལི་མའི་མིག་ཟུང་རིག་རིག་དག་དྲན་གིན་ཡོད
 
གྲོགས་པོ་ལགས
ངས་ཇི་ལྟར་བཤད་ཀྱང
གླུ་དེ་ང་ཚོ་ནས་ལེན་འོས་ཤིང
གླུ་སྐད་ཀྱིས་བྲག་ཆ་བསྐྱིལ་འོས
ངས་གང་ནས་བསམ་ཡང
བྲོ་དེ་ང་ཚོ་ནས་འཁྲབ་འོས་ཤིང
སྟངས་སྟབས་ཀྱིས་རི་ལུང་བསྒུལ་འོས
ངས་ཇི་ལྟར་བྲིས་ཀྱང
གོམ་པ་དེ་ང་ཚོ་ནས་སྤོ་འོས་ཤིང
གོམ་སྟབས་ཀྱིས་ཡིད་སེམས་དཀྲོགས་འོས
 
ཀྱི་ཧུད
དེ་རིང་ངས་ཡང་བསྐྱར་གོམ་པ་དང་བོ་དེ་ཁངས་ནང་དུ་སྤོ་བཞིན
ཁྱོད་ཚོ་དང་མིག་ཟུང་རིག་རིག་དག་ཡང་བསྐྱར་དྲན་གིན་ཡོད་ཨང
         ༢༠༡༢  ༡༡ ༢༨  ཁམས་ནས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོམ་པ་དེ་ང་ཚོ་རང་ཉིད་ནས་སྤོས་ན་འགྲིག་འདུག

2013-02-03 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

        ____གྲོགས་ཀྱི་དྭངས་མ་སྒོམ་ཚེ་ལ།
                                                                                       
ང་ཚོས་ནམ་ཡང་ཚ་འདྲི་ནན་མོ་ཞིག་གཏོང་དགོས་ཟེར་གྱིན་ཡོད
ང་ཚོས་ནམ་ཡང་འགྲམ་ལྕག་ཚ་བོ་ཞིག་བཞུ་དགོས་ཟེར་གྱིན་ཡོད
ང་ཚོས་ནམ་ཡང་རི་ཀླུང་དེ་དཀྲོགས་ན་འདོད་ཡོད
 
རང་སེམས་ལ་འདི་ལྟར་ལག་སྙོབ་བྱས་ན
གླུ་དེ་ང་ཆོ་རང་ཉིད་ནས་བླངས་ན་འོས་འདུག
བྲོ་དེ་ཡང་ང་ཚོ་རང་ཉིད་ནས་འཁྲབ་ན་འཚམ་འདུག
གོམ་པ་དེ་ང་ཚོ་རང་ཉིད་ནས་སྤོས་ན་འགྲིག་འདུག
 
གྲོགས་པོ་ལགས
ཚོར་བ་ཟེར་བ་དེ་བོར་བ་ནི
ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང
ཚོར་བ་ཟེར་བ་དེ་དང་བྲལ་རྗེས
ཁོང་ཚོ་ནི་གཤག་བཅོས་ཁང་གི་ནད་པ་ཞིག་དང་མཉམ་པར
སྨན་པས་གཡས་སུ་བསྐོར་ཆོག་ལ
གཡོན་དུའང་བསྐོར་ཆོག་འདུག
 
དེ་རིང་ང་ཡང་སྐྲག་སྐྲག་ཅིག་གིས
ཁྱོད་རང་ལ་གྲོས་མོལ་ཞིག་གི་ཚབ་དུ
སྙན་ངག་འདིའི་མགྲིན་པ་འཁྱུད་བཞིན
 
ཁྱོད་ཚོ་དང་རྨ་ཆུ་ལི་མའི་མིག་ཟུང་རིག་རིག་དག་དྲན་གིན་ཡོད
 
གྲོགས་པོ་ལགས
ངས་ཇི་ལྟར་བཤད་ཀྱང
གླུ་དེ་ང་ཚོ་ནས་ལེན་འོས་ཤིང
གླུ་སྐད་ཀྱིས་བྲག་ཆ་བསྐྱིལ་འོས
ངས་གང་ནས་བསམ་ཡང
བྲོ་དེ་ང་ཚོ་ནས་འཁྲབ་འོས་ཤིང
སྟངས་སྟབས་ཀྱིས་རི་ལུང་བསྒུལ་འོས
ངས་ཇི་ལྟར་བྲིས་ཀྱང
གོམ་པ་དེ་ང་ཚོ་ནས་སྤོ་འོས་ཤིང
གོམ་སྟབས་ཀྱིས་ཡིད་སེམས་དཀྲོགས་འོས
 
ཀྱི་ཧུད
དེ་རིང་ངས་ཡང་བསྐྱར་གོམ་པ་དང་བོ་དེ་ཁངས་ནང་དུ་སྤོ་བཞིན
ཁྱོད་ཚོ་དང་མིག་ཟུང་རིག་རིག་དག་ཡང་བསྐྱར་དྲན་གིན་ཡོད་ཨང
         ༢༠༡༢  ༡༡ ༢༨  ཁམས་ནས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།