བིས་པ་ལགས། ཁྱོད་རང་གཉིད་མི་རུང་།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-02-03

               ___རང་ལ་གདམས་པ།
བིས་པ་ལགས     ཁྱོད་རང་གཉིད་མི་རུང
མཐའ་འཁོར་གྱི་མཆེ་བ་རྣོན་པོ་དེ་ཁྱོད་ཀྱིས་མཐོང་དགོས་ཡ
ཡུལ་མི་ཚོས་འཛུམ་མདངས་ཕྱིར་མངོན་ཉིན་དེ་ནས་བཟུང
ཁྱོད་རང་གྲུ་གཟིངས་དེ་ལ་བསྡད་ཟིན
འཛུམ་མདངས་ཀྱི་ཕབ་ན་མཆེ་བ་རྣོ་བའི་གྲུ་གཟིངས་དེ་ལ་བསྡད་ཟིན
ཆང་རག་གིས་ར་བཟི་བའི་མལ་ཤག་དེ་ནས་ཁྱོད་རང་འགྱེལ་ན་ཐང
ཐ་མག་གིས་གློ་ནད་ཕོག་པའི་མི་ཚོགས་དེ་ནས་ཁྱོད་ལའང་འགོ་ན་ཐང
གང་ལྟར    འགྲུལ་བཞུད་འདིའི་ཁྲོད་ནས
ཁྱོད་ཀྱིས་རང་གི་དྲི་མ་དེ་འབོར་མི་རུང
ཁྱོད་ཀྱིས་རང་གི་ཁ་དོག་དེ་རྙེད་དགོས་ཡ
 
སེམས་པ་རྒྱ་ཡན་དུ་བཏང་ཚར་ཞིང
ལུས་པོ་བག་ཕེབས་སུ་ལྷོད་ཚར་དུས
ཚོར་བ་ཟེར་བ་དེ་སྦྲིད་སྨན་ཞུགས་པའི་ལུས་ཕུང་ཞིག་དང་འདྲ་བར
གན་རྐྱལ་དུ་བཞག་ཆོག་ལ
ཁ་སྦུག་ཏུ་ལོག་ཆོག་འདུག
 
གང་ལྟར   སུ་ཡང་རང་གི་མེ་ལོང་དུ་འཚམ་མིན་མི་ཤེས་ཤིང
གང་ཡང་རང་གི་དར་ཆ་རུ་འགྲིག་མིན་མི་ཤེས་པའི་དུས་སྐབས་དེར
གཞན་གང་ཡང་མིན་ཏེ  
བླ་མ་དང་དཔོན་པོ་ཡོད་ཚད་མིན་ལགས
རང་གི་མེ་ལོང་ལ་རང་ཉིད་བཞག་ན་འཚམ་ཞིང
རང་གི་དར་ཆ་རུ་རང་ཉིད་བསྒྲེང་ན་འགྲིག་འདུག
 
བིས་བ་ལགས
གཉིད་མི་རུང་བའི་ཁྱོད་ལ་གཉིད་ལྕོགས་རྒྱག་གིན་འདུག
སྙན་ངག་གིས་ཁྱོད་ལ་འཁང་ར་བྱས་ཀྱིན་འདུག
གྲོགས་པོ་དག་གིས་ཁྱོད་ལ་རེ་བ་ཞུ་བཞིན་འདུག
ཁྱོད་རང་ཉིད་ཀྱིས་ཀྱང་ཁྱོད་ལ་འཁང་ར་བྱས་ཀྱིན་འདུག
 
མེ་ལོང་ལ་གས་ཆག་ཤོར་ཏེ
དར་ཆ་དེ་དར་ལྕོག་བཞིན་ཤིག་རལ་དུ་གྱུར་དུས
ཁྱོད་ལ་བིས་བ་མི་ཟེར་ཞིང
དམངས་བུ་ཡང་མི་ཐོབ
ཡིན་ཡང   ཁྱོད་ལ་དུས་སྐབས་དེ་ཡོད་མི་རུང
ཁྱོད་ལ་སྙན་ངག་གི་ནང་རོལ་ལ་དམར་ཐིག་ཤོར་བའི་དུས་སྐབས་དེ་གཏན་ནས་ཡོད་མི་རུང
ཡོད་མི་རུང  
བིས་བ་ལགས           ཁྱོད་ལ་ཡོད་མི་རུང
༢༠༡༢  ༡༠ ༢༨ ཁམས་ནས་ཤར་མར་སྦྱར།
གསལ་བཤད།①རང་ཉིད་ཀྱི་བསྡུས་མིང་ཞིག་སྟེ། བིས་པ་ཆོས་སྐྱོང་ཡང་ཟེར།
② རང་ཉིད་ཀྱི་པིར་མིང་ཡིན།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བིས་པ་ལགས། ཁྱོད་རང་གཉིད་མི་རུང་།

2013-02-03 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

               ___རང་ལ་གདམས་པ།
བིས་པ་ལགས     ཁྱོད་རང་གཉིད་མི་རུང
མཐའ་འཁོར་གྱི་མཆེ་བ་རྣོན་པོ་དེ་ཁྱོད་ཀྱིས་མཐོང་དགོས་ཡ
ཡུལ་མི་ཚོས་འཛུམ་མདངས་ཕྱིར་མངོན་ཉིན་དེ་ནས་བཟུང
ཁྱོད་རང་གྲུ་གཟིངས་དེ་ལ་བསྡད་ཟིན
འཛུམ་མདངས་ཀྱི་ཕབ་ན་མཆེ་བ་རྣོ་བའི་གྲུ་གཟིངས་དེ་ལ་བསྡད་ཟིན
ཆང་རག་གིས་ར་བཟི་བའི་མལ་ཤག་དེ་ནས་ཁྱོད་རང་འགྱེལ་ན་ཐང
ཐ་མག་གིས་གློ་ནད་ཕོག་པའི་མི་ཚོགས་དེ་ནས་ཁྱོད་ལའང་འགོ་ན་ཐང
གང་ལྟར    འགྲུལ་བཞུད་འདིའི་ཁྲོད་ནས
ཁྱོད་ཀྱིས་རང་གི་དྲི་མ་དེ་འབོར་མི་རུང
ཁྱོད་ཀྱིས་རང་གི་ཁ་དོག་དེ་རྙེད་དགོས་ཡ
 
སེམས་པ་རྒྱ་ཡན་དུ་བཏང་ཚར་ཞིང
ལུས་པོ་བག་ཕེབས་སུ་ལྷོད་ཚར་དུས
ཚོར་བ་ཟེར་བ་དེ་སྦྲིད་སྨན་ཞུགས་པའི་ལུས་ཕུང་ཞིག་དང་འདྲ་བར
གན་རྐྱལ་དུ་བཞག་ཆོག་ལ
ཁ་སྦུག་ཏུ་ལོག་ཆོག་འདུག
 
གང་ལྟར   སུ་ཡང་རང་གི་མེ་ལོང་དུ་འཚམ་མིན་མི་ཤེས་ཤིང
གང་ཡང་རང་གི་དར་ཆ་རུ་འགྲིག་མིན་མི་ཤེས་པའི་དུས་སྐབས་དེར
གཞན་གང་ཡང་མིན་ཏེ  
བླ་མ་དང་དཔོན་པོ་ཡོད་ཚད་མིན་ལགས
རང་གི་མེ་ལོང་ལ་རང་ཉིད་བཞག་ན་འཚམ་ཞིང
རང་གི་དར་ཆ་རུ་རང་ཉིད་བསྒྲེང་ན་འགྲིག་འདུག
 
བིས་བ་ལགས
གཉིད་མི་རུང་བའི་ཁྱོད་ལ་གཉིད་ལྕོགས་རྒྱག་གིན་འདུག
སྙན་ངག་གིས་ཁྱོད་ལ་འཁང་ར་བྱས་ཀྱིན་འདུག
གྲོགས་པོ་དག་གིས་ཁྱོད་ལ་རེ་བ་ཞུ་བཞིན་འདུག
ཁྱོད་རང་ཉིད་ཀྱིས་ཀྱང་ཁྱོད་ལ་འཁང་ར་བྱས་ཀྱིན་འདུག
 
མེ་ལོང་ལ་གས་ཆག་ཤོར་ཏེ
དར་ཆ་དེ་དར་ལྕོག་བཞིན་ཤིག་རལ་དུ་གྱུར་དུས
ཁྱོད་ལ་བིས་བ་མི་ཟེར་ཞིང
དམངས་བུ་ཡང་མི་ཐོབ
ཡིན་ཡང   ཁྱོད་ལ་དུས་སྐབས་དེ་ཡོད་མི་རུང
ཁྱོད་ལ་སྙན་ངག་གི་ནང་རོལ་ལ་དམར་ཐིག་ཤོར་བའི་དུས་སྐབས་དེ་གཏན་ནས་ཡོད་མི་རུང
ཡོད་མི་རུང  
བིས་བ་ལགས           ཁྱོད་ལ་ཡོད་མི་རུང
༢༠༡༢  ༡༠ ༢༨ ཁམས་ནས་ཤར་མར་སྦྱར།
གསལ་བཤད།①རང་ཉིད་ཀྱི་བསྡུས་མིང་ཞིག་སྟེ། བིས་པ་ཆོས་སྐྱོང་ཡང་ཟེར།
② རང་ཉིད་ཀྱི་པིར་མིང་ཡིན།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།