གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་རབ་སྒྲོལ་མར་བྲིས་པའི་སྙན་ངག་ཚན་པ་བཅོ་བརྒྱད།

2013-08-10 15:14:00 ཕུར་བ་བཀྲ་ཤིས།༼གསེར་གཞོང༽ ཀློག་གྲངས། མཆན ཡོད།

 

 

དབུས་ཀྱི་ལྷ་ས་ནས་ཉོས་པའི
མགུལ་རྒྱན་གཡུ་ཆུང་དྲུག་དཀར
མཚོ་མོ་གཡུ་ཆུང་འདྲ་བོའི་མཐའ་ནས
སྙིང་གཏམ་ཆུ་མོ་བཞིན་དུ་གློད་ཆོག
 
ཉི་མ་སྲོད་ལ་ཁེན་ན
ཟླ་བ་གཡུལ་ལ་གྲབས་གཤོམ་འདུག་པས
ཁྱི་རྒན་ཟུག་སྐད་གཉོམ་པོ
ཐག་རིང་རླུང་གིས་དྲུད་འོང
 
མཁར་དེ་གནའ་མཁར་ཟི་ལིང
བུ་མོ་ཤེས་རབ་སྒྲོལ་མ
གནའ་མཁར་དེ་ལ་མ་སྨོན
ཁྱུང་མཆུའི་གྲོང་ནས་མཇལ་ཡོང
 
ངས་ཁྱོད་ལ་སྙན་ངག་ཅིག་འབྲི         ཤེས་རབ་སྒྲོལ་མ
ང་ཡི་བྲང་གཞུང་གི་མེ་ཏོག་དམར་བོ
བདག་པོ་ང་རང་ཡིན་འདུག
 
འུ་གཉིས་ཀྱི་བདེ་སྐྱིད་ནི
ནམ་ནམ་ཞར་ཞར་ལ་འགྱུར་དུ་མེད་པའི
ཉི་འོད་སྒོར་སྒོར་དེ་ཡིན་ཆོག
 
ཤེས་རབ་སྒྲོལ་མ       ཁྱོད་ནི
ཕུར་བཀྲས་མི་དྲན་ཐུ་མེད་ཀྱི་སྙན་ངག་ཅིག་ཡིན་པས
བདག་གིས་ཁྱོད་ལ་སྙན་ངག་ཚན་པ་བཅོ་བརྒྱད་བྲིས་ཡོད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།