གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་ཁུང་ཕྱི་ནང་དུ།

2013-07-20 18:34:00 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

 

ཕྱི་རོལ་ན་ཤག་ཤག་ཏུ་འབབ་ཀྱིན་པའི་ཆར་བ
ངས་ཁྱོད་རང་དྲན་པའི་གཡབ་མོ་ཡིན་ཨང
སེམས་པ་ནང་དུ་ཁུགས་མ་བྱུང
 
སྒེའུ་ཁུང་ཕྱི་དང་ནང་གི་དྲན་པ   དྲན་པ་འཁྱགས་པ
མཛའ་མོའི་བརྩེ་ཞེན་གྱིས་སྦར་བའི་དྲོད་ཁོལ་ལྟར་དུ
ཆར་བས་དྲོས་ཐབས་མི་འདུག
 
སྒེའུ་ཁུང་ཕྱི་རོལ་ན་བུ་མོ་ཞིག་གི་སེམས་ཀྱི་མངའ་ཐང་ཡོད
སྒེའུ་ཁུང་ནང་རོལ་ན་མྱི་རྐྱང་ཞིག་གི་འཚོ་བའི་མདུན་ལྗོངས་ཡོད
 
ང་རང་གཉིད་མི་འགྲོ་བའི་ངེས་པ་མེད་ལ
གཉིད་སོང་བའི་དབང་དུ་བཏང་ན
སྒེའུ་ཁུང་ཕྱི་ནང་ནས་ལག་པ་མང་པོ་ཞིག་ང་ཡི་སྔས་སུ་བསྲིངས་ཡོང་སྲིད
 
ཁྱོད་རང་དྲན་པའི་དོ་ནུབ
སྒེའུ་ཁུང་ཕྱི་རོལ་ན་ཤག་ཤག་ཏུ་འབབ་པའི་ཆར་ཐིགས་རེ་རེ
ངས་ཁྱོད་ཀྱི་བརྩེ་བའི་ཉིང་ཁུ་རུ་སྒོམ་ནས
རྨི་ལམ་གྱི་ལྗང་མྱུག་འབུ་བར་སྒུག་ཡོད
 
                 ༢༠༡༣ ༥ ༧མཚན་མོར་ཟི་ལིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།