གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུང་བ་ལྗང་ཁུ།

2013-07-16 14:20:00 ཁྲག་རྗེས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

ཁ་སང་གི་ལུང་བ་ལྗང་ཁུ
ཁ་སང     བོད་པ་ཚང་གི་འཇིག་རྟེན་ན
ཁྱེད་ལ་སྤོངས་པ་དང་རེ་བའི་ཁེངས་འདུག
ཁྱེད་ཀྱི་པང་ལ་མེ་ཏོག་གི་སྦྲང་ཆར་གཏོར་བཞིན་འདུག
 
ཁ་སང    ལུང་བ་ལྗང་ཁུ་འདི
བདག་གི་ཀི་རིང་འདེབས་ས་ཡིན
ལུས་ཀྱི་རྩལ་དྲུག་མངོན་ས་ཡིན
 
ཁ་སང    ལུང་བ་ལྗང་ཁུ་འདི
མེས་པོ་དག་གི་ལོ་རྒྱུས་གླེང་ས་རེད
སྦྲ་ནག་གི་སྙིང་གཏམ་གླེང་ས་རེད
 
ཁ་སང    ལུང་བ་ལྗང་ཁུ་འདི
འབྲོང་གཡག་དར་མའི་གནས་མལ་དྲོད་མོ་རེད
སེང་དཀར་མོའི་གཡུ་རལ་རྒྱས་ས་རེད
 
ཁ་སང   ལུང་བ་ལྗང་ཁུ་འདི་
སྔར་བཞིན་ལུང་བ་ལྗང་ཁུ་ཞིག་རེད
 
ཁ་སང་གི་ཁ་སང
ཁྱེད་ལ་གཟི་བརྗིད་ལྡན་པའི་ཉིན་མོ་ཡིན
ལྗང་མདོག་གི་ཚེ་སྲོག་རྒྱས་པའི་ཉིན་མོ་ཡིན
 
དེ་རིང་གི་ལུང་བ་ལྗང་ཁུ                              
དེ་རིང   ཁྱེད་ཀྱི་བྲང་ཁོག་སུ་ཞིག་གིས
གཤགས་སོང་བ་ངའི་མ་ཤེས
ཉི་མ་དང་ཟླ་བ་ལ་གོ་ཐོས་ཡོད་ཟེར
 
དེ་རིང
ཁྱེད་ཀྱི་སྙིང་ཁྲག་དམར་བོ་སུ་ཞིག་གིས
ཧུབ་ཀྱི་འཐུང་སོང་བ་ངའི་མ་རྟོགས
རི་བོ་དང་ཆུ་བོ་ལ་མཐོང་ཐོས་ཡོད་ཟེར
 
དེ་རིང་གི་ལུང་བ་ལྗང་ཁུ
དེ་རིང    དཔྱད་གླེང་བ་ཚོའི་མར་མེ་འོག་ན
ཁྱེད་ཀྱི་ཆག་འཇིག་གླེང་བཞིན་ཡོད
སྙན་ངག་པ་ཚོའི་པིར་སྙུག་གི་རྩེ་ན
ཁྱེད་ཀྱི་ལས་དབང་ལ་ཚ་འདྲི་བྱེད་བཞིན་ཡོད
     ༢༠༡༢ལོའི་ཟླ༡༡བའི་ཚེས༢༨ཉིན་གྲུབ།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།