སེམས་ནས་བརྟོལ་བའི་མིག་ཆུ།

གཙང་ཕྲུག་སྟོབས་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-20


བར་བསྐོར་ནས་མཇལ་བའི་སྟོང་ལྷང་ལྷང་གི་བཞིན་རས་
ཇོ་བོའི་བྱང་ཆུབ་ཡིས་འཁྲུད་པའི་གོ་ཡངས་
ལམ་སྣེ་ན་ཟུང་བའི་སྤྲང་པོ་འགའ་
འུ་ཆད་གི་མིག་ཟུང་ལས་མགྲིན་པ་བརྣངས་
ཕ་ས་འདིའི་སྐྱིད་སྡུག་བསླུ་བའི་ཟོལ་རྫུ་
རང་ལ་གཟུགས་མེད་ཀྱི་འཇབ་རྒོལ་སྤྲད་རྗེས་
ཁོའི་ནམ་མཁའ་    སྔོ་ལྷོག་ལྷོག་གི་བསང་དུད་ཙམ་རེད་
ཕྱག་ཕྲེང་ནས་འཐོར་བའི་མ་ཎིའི་དབྱངས་སྒྲ་
ཡང་ན་    ཁྲོམ་སྲང་ནས་ཐོས་པའི་ཁྱི་སྤྱང་གི་ངུ་ངག་
གཞིས་ཁྱིམ་འདིའི་ལས་དབང་འམ་     སེམས་ཁོང་གི་ན་ཟུག་དེ་རེད་
དོ་དགོང་     རི་གྲོང་ནས་ཨ་ཕའི་གཏམ་རྒྱུད་ཀྱི་དབུ་བྱང་སྟོང་ཆ་
རྣམ་གྲངས་གསར་བ་ཞིག་ཏུ་གླེང་ཟིན་ལ་
ཨ་མའི་ཐབ་ཚང་གི་རྩམ་དྲི་ཡང་
དུས་ཚོད་ཀྱི་སྐྲ་ལོས་འཐམ་ཁོམ་མེད་པར་རུལ་དྲིས་བཀང་    རླུང་འཚུབ་ལ་ཁེན་པའི་ལོ་ཟླ་དང་
ལོ་ཟླའི་ཁྲོད་ཁ་རོག་གེར་ཟུག་པའི་བདེན་དཔང་
བྲང་ལ་དབང་མེད་དུ་ཡང་ཡང་བརྡུངས་རྗེས་
ངའི་སེམས་པ་       སྐྲག་སྣང་ལ་མིག་ཟུང་གཡར་བའི་འཆི་མ་འདི་རེད་
               ༢༠༡༣.༥.༩མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ནས་བརྟོལ་བའི་མིག་ཆུ།

2013-06-20 གཙང་ཕྲུག་སྟོབས་རྒྱལ། ཀློག་གྲངས། མཆན ཡོད།


བར་བསྐོར་ནས་མཇལ་བའི་སྟོང་ལྷང་ལྷང་གི་བཞིན་རས་
ཇོ་བོའི་བྱང་ཆུབ་ཡིས་འཁྲུད་པའི་གོ་ཡངས་
ལམ་སྣེ་ན་ཟུང་བའི་སྤྲང་པོ་འགའ་
འུ་ཆད་གི་མིག་ཟུང་ལས་མགྲིན་པ་བརྣངས་
ཕ་ས་འདིའི་སྐྱིད་སྡུག་བསླུ་བའི་ཟོལ་རྫུ་
རང་ལ་གཟུགས་མེད་ཀྱི་འཇབ་རྒོལ་སྤྲད་རྗེས་
ཁོའི་ནམ་མཁའ་    སྔོ་ལྷོག་ལྷོག་གི་བསང་དུད་ཙམ་རེད་
ཕྱག་ཕྲེང་ནས་འཐོར་བའི་མ་ཎིའི་དབྱངས་སྒྲ་
ཡང་ན་    ཁྲོམ་སྲང་ནས་ཐོས་པའི་ཁྱི་སྤྱང་གི་ངུ་ངག་
གཞིས་ཁྱིམ་འདིའི་ལས་དབང་འམ་     སེམས་ཁོང་གི་ན་ཟུག་དེ་རེད་
དོ་དགོང་     རི་གྲོང་ནས་ཨ་ཕའི་གཏམ་རྒྱུད་ཀྱི་དབུ་བྱང་སྟོང་ཆ་
རྣམ་གྲངས་གསར་བ་ཞིག་ཏུ་གླེང་ཟིན་ལ་
ཨ་མའི་ཐབ་ཚང་གི་རྩམ་དྲི་ཡང་
དུས་ཚོད་ཀྱི་སྐྲ་ལོས་འཐམ་ཁོམ་མེད་པར་རུལ་དྲིས་བཀང་    རླུང་འཚུབ་ལ་ཁེན་པའི་ལོ་ཟླ་དང་
ལོ་ཟླའི་ཁྲོད་ཁ་རོག་གེར་ཟུག་པའི་བདེན་དཔང་
བྲང་ལ་དབང་མེད་དུ་ཡང་ཡང་བརྡུངས་རྗེས་
ངའི་སེམས་པ་       སྐྲག་སྣང་ལ་མིག་ཟུང་གཡར་བའི་འཆི་མ་འདི་རེད་
               ༢༠༡༣.༥.༩མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།