དགུན་ཁ་འདིར། ང་ཉིང་ཁྲི་ན་ཡོད།

          ༡
གཅིག་པོར་ཉིང་ཁྲི་ན་ཡོད་
ཁེར་རྐྱང་གི་ཕྱི་ནང་སོ་སོས་ངའི་མངའ་ཐང་སྲུང་གིན་
བྲང་གཞུང་དུ་བརྩིགས་པའི་འཁྱགས་རོམ་གྱི་སྤྱིལ་བུའི་ནང་
མལ་ཁྲི་གཅིག་དང་ པོ་ཏི་ཁ་ཤས་ཡོད་  
        ༢
ཕྱི་རོལ་ན་ཁ་བ་འབབ་ཀྱིན་འདུག་
སྤྲང་པོ་ཚོའི་རྒྱགས་ཕྱེ་རུམ་ནས་བོར་སོང་བའི་
རུས་པ་འཐུས་ཙམ་གྱི་ལྤགས་པའི་དྲོད་ཚད་ལ་
སྲིད་གཞུང་ནས་ཐུགས་འཁུར་བྱེད་ཀྱི་མིན་འདུག་
ང་ལ་ཡང་ཐུགས་ཁུར་བྱེད་མ་མྱོང་
        ༣
དེ་རིང་ནི་ ཉིང་ཁྲི་ན་བསྡད་པའི་ཉིན་ཞག་སུམ་ཅུ་དེ་རེད་
དགུན་གསུམ་པའི་གྲང་ངད་ཀྱིས་
དབྱང་རླུང་གིས་ངོ་གདོང་ལ་བྲད་ནའང་སུན་སྣང་སྐྱེ་འོང་བའི་
ཉིང་ཁྲིའི་སྲང་ལམ་དང་ གཞུང་ལས་ཁང་གི་སྒེའུ་ཁུང་
ད་དུང་ ངའི་ཁང་ཆུང་གི་སྒལ་ཚིགས་ལ་སྐྱག་གཅིན་གཏོང་མཁན་གྱི་རྒྱ་མི་ཚོང་པ་དེ་ཚོར་
ད་ལྟ་   ང་བཟོད་བསྲན་བྱ་ཐབས་བྲལ་
         ༤
མི་བུ་ཚོ་གཉིད་སོང་
སྣང་བ་ཞིག་ལ་
ཟླ་བའི་གདོང་རིས་ལ་སྲང་རས་གཡོགས་པའི་མཚན་མག་གི་ཐང་ལ་
ཐ་ཆད་རོ་ཆད་དུ་ཤོར་བའི་བརྡ་ཁྱབ་ཀྱི་རྒྱབ་ཤོག་ལ་ལྷན་པ་རྒྱབ་པའི་བོད་ཡིག་གི་རྣམ་ཤེས་དེས་    
ངའི་སྐྲ་ལོ་ནས་བཟུང་དེ་གྱེན་ལ་འཐེན་བྱུང་
ངོ་མ་  ངས་བོད་ཡིག་བརྗེད་སོང་བ་མ་རེད་
           ༥
དོ་ནུབ་ ང་ཕ་ཡུལ་ལ་ཆས་རྒྱུ་ཡིན་
བསྡད་བསྡད་ན་རང་ཉིད་བརླག་འགྲོ་བའི་མི་ཚོགས་ཀྱི་སྲུབས་ནས་
ཁྱི་སྤྱང་ངན་འབྲེལ་གྱི་ནམ་དུས་དེའི་ཀུ་རེར་རྩེད་མཚར་མིན་འདུག་
བྱིས་པ་ཚོ་ཨ།   ནར་སོན་རྗེས་ཨ་ཕ་ཨ་མ་མ་བརྗེད་པ་གྱིས་ཤིག།
      2013.2.5  ཉིན་ཉིང་ཁྲིར་སེམས་སུ་སྦྲུམ་ཞིང༌།
2013.3.24  ཉིན་ཁྲེན་ཏུའུ་རུ་ཡི་གེར་བཀོད།
                 


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཁ་འདིར། ང་ཉིང་ཁྲི་ན་ཡོད།

2013-06-19 གཞིས་སྨྱོན། ཀློག་གྲངས། མཆན ཡོད།

          ༡
གཅིག་པོར་ཉིང་ཁྲི་ན་ཡོད་
ཁེར་རྐྱང་གི་ཕྱི་ནང་སོ་སོས་ངའི་མངའ་ཐང་སྲུང་གིན་
བྲང་གཞུང་དུ་བརྩིགས་པའི་འཁྱགས་རོམ་གྱི་སྤྱིལ་བུའི་ནང་
མལ་ཁྲི་གཅིག་དང་ པོ་ཏི་ཁ་ཤས་ཡོད་  
        ༢
ཕྱི་རོལ་ན་ཁ་བ་འབབ་ཀྱིན་འདུག་
སྤྲང་པོ་ཚོའི་རྒྱགས་ཕྱེ་རུམ་ནས་བོར་སོང་བའི་
རུས་པ་འཐུས་ཙམ་གྱི་ལྤགས་པའི་དྲོད་ཚད་ལ་
སྲིད་གཞུང་ནས་ཐུགས་འཁུར་བྱེད་ཀྱི་མིན་འདུག་
ང་ལ་ཡང་ཐུགས་ཁུར་བྱེད་མ་མྱོང་
        ༣
དེ་རིང་ནི་ ཉིང་ཁྲི་ན་བསྡད་པའི་ཉིན་ཞག་སུམ་ཅུ་དེ་རེད་
དགུན་གསུམ་པའི་གྲང་ངད་ཀྱིས་
དབྱང་རླུང་གིས་ངོ་གདོང་ལ་བྲད་ནའང་སུན་སྣང་སྐྱེ་འོང་བའི་
ཉིང་ཁྲིའི་སྲང་ལམ་དང་ གཞུང་ལས་ཁང་གི་སྒེའུ་ཁུང་
ད་དུང་ ངའི་ཁང་ཆུང་གི་སྒལ་ཚིགས་ལ་སྐྱག་གཅིན་གཏོང་མཁན་གྱི་རྒྱ་མི་ཚོང་པ་དེ་ཚོར་
ད་ལྟ་   ང་བཟོད་བསྲན་བྱ་ཐབས་བྲལ་
         ༤
མི་བུ་ཚོ་གཉིད་སོང་
སྣང་བ་ཞིག་ལ་
ཟླ་བའི་གདོང་རིས་ལ་སྲང་རས་གཡོགས་པའི་མཚན་མག་གི་ཐང་ལ་
ཐ་ཆད་རོ་ཆད་དུ་ཤོར་བའི་བརྡ་ཁྱབ་ཀྱི་རྒྱབ་ཤོག་ལ་ལྷན་པ་རྒྱབ་པའི་བོད་ཡིག་གི་རྣམ་ཤེས་དེས་    
ངའི་སྐྲ་ལོ་ནས་བཟུང་དེ་གྱེན་ལ་འཐེན་བྱུང་
ངོ་མ་  ངས་བོད་ཡིག་བརྗེད་སོང་བ་མ་རེད་
           ༥
དོ་ནུབ་ ང་ཕ་ཡུལ་ལ་ཆས་རྒྱུ་ཡིན་
བསྡད་བསྡད་ན་རང་ཉིད་བརླག་འགྲོ་བའི་མི་ཚོགས་ཀྱི་སྲུབས་ནས་
ཁྱི་སྤྱང་ངན་འབྲེལ་གྱི་ནམ་དུས་དེའི་ཀུ་རེར་རྩེད་མཚར་མིན་འདུག་
བྱིས་པ་ཚོ་ཨ།   ནར་སོན་རྗེས་ཨ་ཕ་ཨ་མ་མ་བརྗེད་པ་གྱིས་ཤིག།
      2013.2.5  ཉིན་ཉིང་ཁྲིར་སེམས་སུ་སྦྲུམ་ཞིང༌།
2013.3.24  ཉིན་ཁྲེན་ཏུའུ་རུ་ཡི་གེར་བཀོད།
                 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།