འཁང་རའི་རྒྱབ་ལྗོངས།

ཀ་ཁའི་རྒྱང་འབོད།༼ལྷོ་ཁ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-06

         ༡
སྒོ་གསུམ་ཐག་འཁྱུད་བཞིན་སྦྲེལ་བའི་ཉིན་དེ་ནས
ཁྱེད་ངའི་སེམས་ཁོང་རེ་རྩེར་དྲོ་སྐྱིད་ཉི་འོད་ཚེས
དུང་ཞེན་དང་ཡིད་ཆེས་ཀྱིས་བརྟས་པས
འཁང་རའི་སྨྲེང་གླུ་ཁྱེད་ཀྱི་པང་དུ་ལེན
རླུང་དང་བསྡོངས་པའི་གྲང་ཤུར་གྱི་རྣམ་འགྱུར
འཛུམ་བག་གི་གང་བའི་ཁྱེད་ཀྱི་བཞིན་དུ་སྤུར
འཁང་རའི་རྒྱབ་རིར་བརྩེ་དུངས་ཀྱི་མེ་ཏོག་བཞད
མཛེས་པའི་མེ་ཏོག
སྨག་ལྗོངས་ཀྱི་ཟླ་བར་འཁྲེང་བཞིན
གཉིད་ལམ་གྱི་ཞིང་དུ་མྱུལ
སྐྱ་རེངས་ཀྱི་ཞོགས་པ
དྲན་སེམས་ཀྱི་ཟིལ་ཐིག
འདྲེན་བྱེད་ཀྱི་བུ་ག་ནས་མཁུར་ཚོས་ཀྱི་ཞིང་དུ་འཁྱིལ
མིག་ཆུའི་ཐིག་ཕྲེང་རེ་རེ་ནི
རྒྱང་ཐག་གིས་ཆོད་པའི་ཁྱེད་ངའི
དྲོད་ཁོལ་གྱི་བརྩེ་དུང་རླངས་པའི་བྱེད་ནུས་ཡིན་པར་ངེས
        ༢
བརྩེ་དུང་སེམས་ཀྱི་རི་མོ
མིག་ཆུ་དང་དྲན་སེམས་པིར་གྱིས་བརྐོས
འདས་པའི་ལོ་དང་ཟླ་ཡི་ཉག་མའི་གསེང
སྐྱོ་བའི་གླུ་ཆུང་གྱེར་ཡོང་ལ
དགའ་བའི་བྲོ་གར་ཡང་བརྡུངས་ཡོང
མི་ཚེའི་གླུ་གར་གྱི་སྟངས་སྟབས
རྡོ་བྲག་བརྩེ་དུང་གི་གར་སྟེགས་སྟེང
ནམ་འཚོའི་བར་དུ་འཁྲབ་སྙིང་འདོད
         ༢༠༡༣ལོའི་ཟླ་༣ཚེས་༣༡ཉིན་རང་ཤག་ཏུ་སྦྱར

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁང་རའི་རྒྱབ་ལྗོངས།

2013-06-06 ཀ་ཁའི་རྒྱང་འབོད།༼ལྷོ་ཁ༽ ཀློག་གྲངས། མཆན ཡོད།

         ༡
སྒོ་གསུམ་ཐག་འཁྱུད་བཞིན་སྦྲེལ་བའི་ཉིན་དེ་ནས
ཁྱེད་ངའི་སེམས་ཁོང་རེ་རྩེར་དྲོ་སྐྱིད་ཉི་འོད་ཚེས
དུང་ཞེན་དང་ཡིད་ཆེས་ཀྱིས་བརྟས་པས
འཁང་རའི་སྨྲེང་གླུ་ཁྱེད་ཀྱི་པང་དུ་ལེན
རླུང་དང་བསྡོངས་པའི་གྲང་ཤུར་གྱི་རྣམ་འགྱུར
འཛུམ་བག་གི་གང་བའི་ཁྱེད་ཀྱི་བཞིན་དུ་སྤུར
འཁང་རའི་རྒྱབ་རིར་བརྩེ་དུངས་ཀྱི་མེ་ཏོག་བཞད
མཛེས་པའི་མེ་ཏོག
སྨག་ལྗོངས་ཀྱི་ཟླ་བར་འཁྲེང་བཞིན
གཉིད་ལམ་གྱི་ཞིང་དུ་མྱུལ
སྐྱ་རེངས་ཀྱི་ཞོགས་པ
དྲན་སེམས་ཀྱི་ཟིལ་ཐིག
འདྲེན་བྱེད་ཀྱི་བུ་ག་ནས་མཁུར་ཚོས་ཀྱི་ཞིང་དུ་འཁྱིལ
མིག་ཆུའི་ཐིག་ཕྲེང་རེ་རེ་ནི
རྒྱང་ཐག་གིས་ཆོད་པའི་ཁྱེད་ངའི
དྲོད་ཁོལ་གྱི་བརྩེ་དུང་རླངས་པའི་བྱེད་ནུས་ཡིན་པར་ངེས
        ༢
བརྩེ་དུང་སེམས་ཀྱི་རི་མོ
མིག་ཆུ་དང་དྲན་སེམས་པིར་གྱིས་བརྐོས
འདས་པའི་ལོ་དང་ཟླ་ཡི་ཉག་མའི་གསེང
སྐྱོ་བའི་གླུ་ཆུང་གྱེར་ཡོང་ལ
དགའ་བའི་བྲོ་གར་ཡང་བརྡུངས་ཡོང
མི་ཚེའི་གླུ་གར་གྱི་སྟངས་སྟབས
རྡོ་བྲག་བརྩེ་དུང་གི་གར་སྟེགས་སྟེང
ནམ་འཚོའི་བར་དུ་འཁྲབ་སྙིང་འདོད
         ༢༠༡༣ལོའི་ཟླ་༣ཚེས་༣༡ཉིན་རང་ཤག་ཏུ་སྦྱར

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།