སྨུག་ལོང་ནང་གི་གཞས་མ།


ཕུགས་བསམ་ཟེར་བ་ཞིག་ཡོད་པ་ནས
ང་སར་ནམ་རྒྱུན་ཁ་བ་འབབ་ཀྱིན་ཡོད
སྨུག་ལོང་ནང་ནས་ཤར་ཡོང་བའི་གཞས་མ་དེས
ང་རང་ཡང་བསྐྱར་འཚོ་བ་དང་ཁ་ཐག་ཇེ་ཉེར་བཏང
 
འཇིག་རྟེན་འདི་མ་གཞི་ནས་འོད་ཀྱིས་བཀང་ཡོད
ང་ཡིས་རེ་བ་ཡང་འོད་ཀྱིས་བཀང་ཡོད
ཤེལ་གཟུགས་སུ་གྲུབ་པའི་སྐྱ་མི་དག
ད་ནི་ག་ལེར་རྔུལ་ཆུས་ཁྲོད་ཟད་ངེས
 
ཁྱོད་ཀྱིས་གྱང་ངོས་སུ་བྲིས་པའི་དག
ངས་ཀྱང་ནམ་རྒྱུན་རྨིས་ཡོང་གི་འདུག
དེ་ནི་བསུལ་རླུང་བཞིན   ཡང་ན་ཆུ་བོ་བཞིན
མི་སེམས་ཀྱི་མི་གཙང་བ་དག་བཀྲུ་བཞིན་ཡོད
 
སྨུག་ལོང་ནང་གི་གཞས་མ
གཙང་བོའི་མི་སེམས་བསྒུལ་ཡོང
ཟླ་བས་གཉོར་བའི་བེམ་པོ་དག་ཀྱང
ཁྱོད་དང་ཉེ་སར་གཅར་ཡོང
 
སྨུག་ལོང་ནང་གི་གཞས་མ
དེ་རིང་ཁྱོད་ཀྱིས་གྱེར་ཡོང་མཛའ་གཞས་དེས
སང་ཉིན་སྔར་བཞིན་མི་སེམས་ལ་བདེ་བ་སྟེར་སྲིད་དམ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨུག་ལོང་ནང་གི་གཞས་མ།

2013-06-02 ཞགས་ཐག༼ཆིན་ཏོ༽ ཀློག་གྲངས། མཆན ཡོད།


ཕུགས་བསམ་ཟེར་བ་ཞིག་ཡོད་པ་ནས
ང་སར་ནམ་རྒྱུན་ཁ་བ་འབབ་ཀྱིན་ཡོད
སྨུག་ལོང་ནང་ནས་ཤར་ཡོང་བའི་གཞས་མ་དེས
ང་རང་ཡང་བསྐྱར་འཚོ་བ་དང་ཁ་ཐག་ཇེ་ཉེར་བཏང
 
འཇིག་རྟེན་འདི་མ་གཞི་ནས་འོད་ཀྱིས་བཀང་ཡོད
ང་ཡིས་རེ་བ་ཡང་འོད་ཀྱིས་བཀང་ཡོད
ཤེལ་གཟུགས་སུ་གྲུབ་པའི་སྐྱ་མི་དག
ད་ནི་ག་ལེར་རྔུལ་ཆུས་ཁྲོད་ཟད་ངེས
 
ཁྱོད་ཀྱིས་གྱང་ངོས་སུ་བྲིས་པའི་དག
ངས་ཀྱང་ནམ་རྒྱུན་རྨིས་ཡོང་གི་འདུག
དེ་ནི་བསུལ་རླུང་བཞིན   ཡང་ན་ཆུ་བོ་བཞིན
མི་སེམས་ཀྱི་མི་གཙང་བ་དག་བཀྲུ་བཞིན་ཡོད
 
སྨུག་ལོང་ནང་གི་གཞས་མ
གཙང་བོའི་མི་སེམས་བསྒུལ་ཡོང
ཟླ་བས་གཉོར་བའི་བེམ་པོ་དག་ཀྱང
ཁྱོད་དང་ཉེ་སར་གཅར་ཡོང
 
སྨུག་ལོང་ནང་གི་གཞས་མ
དེ་རིང་ཁྱོད་ཀྱིས་གྱེར་ཡོང་མཛའ་གཞས་དེས
སང་ཉིན་སྔར་བཞིན་མི་སེམས་ལ་བདེ་བ་སྟེར་སྲིད་དམ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།