དཔལ་མོའི་སྙན་ངག་གསར་བ། ཐོལ་བྱུང་སྙིང་གཏམ།

        -------------༢༠༡༣ལོའི་མཐར་ཕྱིན་སློབ་མ་རྣམས་ལ་ཕུལ་བ།
ལོ་རེ་རེའི་སོས་ཀར།   ཡུལ་ཕྱོགས་འདིའི་དགའ་ཚལ་ནས།
ཁྱོད་ཚོ་ཁྲ་ལམ་མེར་བཞད་འོང་བ་མཐོང་ཚེ།  
སྙིང་ཉེ་བའི་ན་ཆུང་ཚོ།  
ངས་སེམས་ནང་གི་མི་དེ་དྲན་ཡོང་།
ཁྲ་ལམ་མེར་བཞད་པའི་ཁྱོད་ཚོ་ཆུན་པོར་བཟུང་སྟེ།
སེམས་ནང་གི་མི་དེ་ལ་འབུལ་ན་བསམ་བྱུང་།

ཁྱོད་ཚོའི་ཕྱི་ནང་གི་དྭངས་གཙང་ཡོད་ཚད་ལ།
དུས་མཐའི་མུན་པ་ནག་པོ་མ་བྱུག་གོང་འདིར།
ཕ་ཡུལ་ན་འབུས་མེད་པའི་བློ་རྒྱ་དེ་དག་ལྷུག་གེར་གྲོལ་བར།
མུན་པ་མ་བྱུག་པའི་ཁྱོད་ཚོའི་འོད་ཟེར་འཕྲོས་ན་བསམ་བྱུང་།

ཁེངས་ཉམས་ཆེ་བའི་མི་གཞན་གྱིས།
ཁྱོད་ཚོའི་དྭངས་གཙང་བཏོག་ནས།
རང་རང་གི་སྐྱེད་མོས་ཚལ་ལ་འདེབས་ནའང་ཐང་།
ཡིན་ན་ཡང་སྙིང་ཉེ་ཚོ།  ཁྱོད་ཚོས་ངེས་པར་རང་ཚུགས་བཟུང་སྟེ།
སེམས་ནང་གི་མི་དེའི་སྤང་ཐང་གཏན་ནས་བརྗེད་མི་ཉན།
             
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་མོའི་སྙན་ངག་གསར་བ། ཐོལ་བྱུང་སྙིང་གཏམ།

2013-06-02 དཔལ་མོ། ཀློག་གྲངས། མཆན ཡོད།

        -------------༢༠༡༣ལོའི་མཐར་ཕྱིན་སློབ་མ་རྣམས་ལ་ཕུལ་བ།
ལོ་རེ་རེའི་སོས་ཀར།   ཡུལ་ཕྱོགས་འདིའི་དགའ་ཚལ་ནས།
ཁྱོད་ཚོ་ཁྲ་ལམ་མེར་བཞད་འོང་བ་མཐོང་ཚེ།  
སྙིང་ཉེ་བའི་ན་ཆུང་ཚོ།  
ངས་སེམས་ནང་གི་མི་དེ་དྲན་ཡོང་།
ཁྲ་ལམ་མེར་བཞད་པའི་ཁྱོད་ཚོ་ཆུན་པོར་བཟུང་སྟེ།
སེམས་ནང་གི་མི་དེ་ལ་འབུལ་ན་བསམ་བྱུང་།

ཁྱོད་ཚོའི་ཕྱི་ནང་གི་དྭངས་གཙང་ཡོད་ཚད་ལ།
དུས་མཐའི་མུན་པ་ནག་པོ་མ་བྱུག་གོང་འདིར།
ཕ་ཡུལ་ན་འབུས་མེད་པའི་བློ་རྒྱ་དེ་དག་ལྷུག་གེར་གྲོལ་བར།
མུན་པ་མ་བྱུག་པའི་ཁྱོད་ཚོའི་འོད་ཟེར་འཕྲོས་ན་བསམ་བྱུང་།

ཁེངས་ཉམས་ཆེ་བའི་མི་གཞན་གྱིས།
ཁྱོད་ཚོའི་དྭངས་གཙང་བཏོག་ནས།
རང་རང་གི་སྐྱེད་མོས་ཚལ་ལ་འདེབས་ནའང་ཐང་།
ཡིན་ན་ཡང་སྙིང་ཉེ་ཚོ།  ཁྱོད་ཚོས་ངེས་པར་རང་ཚུགས་བཟུང་སྟེ།
སེམས་ནང་གི་མི་དེའི་སྤང་ཐང་གཏན་ནས་བརྗེད་མི་ཉན།
             
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།