བདག་གི་རུལ་གྱིན་པའི་སྙན་ངག་གི་ཟིན་ཐོ།

ཨོམ་སྲས་བདེ་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-29

མི་ཚོགས་འདིས།  འདོད་ཆགས་སྦར་མོ་གང་གི་སླད་དུ།
དུད་ནག་གི་འཇིབ་ཤུགས་སྤྱད་དྲགས་པས།
གློ་སྙིང་མཆིན་གསུམ་གྱི་རྩིག་ངོས་དག་ནའང་དུད་ཁུ་ཐིགས་འདུག་མོད།
དེ་ནི་མུན་པའི་གཏིང་རུམ་ནས་འཕྱུར་བའི་གདུག་རྩུབ་ཀྱི་ནད་ཡམས་ཏེ།
མི་རབས་འདིའི་ཀླད་རྩའི་སྦུབས་སུ་བབས་པའི་སྟོང་ཆ་དང་འདྲི་རྟགས་རེད།

མཚན་མོ་འདི་ཇི་ལྟར་རིང་ཡང༌།
བདག་ཉིད་ཚོའི་རྙེད་ཆོག་པ་ནི།
རྨི་ལམ་ལ་གཤོག་པ་བསྐྲུན་པའི་གསེར་ནག་གི་དུས་ཚིགས་ཡིན་མོད།
བསམ་བློའི་གཞོབ་དྲི་འཐུལ་བའི་ཚེ་སྲོག་གི་མྱ་ངན་དག་ལ་འཐབ་མོ་བྱེད་དུས།
རྨི་ལམ་ནི་རང་གི་སྔོས་འགྲམ་ནས་བོར་བའི་ལུག་ཁྱུ་རེད།

སྙིང་ཉེ་བ་འདི་ཚོ།  དུས་རབས་ཀྱིས་དབང་སྒྱུར་བྱས་པའི་ཉིན་དེ་ནས་བཟུང༌།
འཕྲུལ་ཆས་ཀྱི་ལག་གཡོག་མང་བོས་རྩེད་ཆས་བྱས་ཤིང༌།
ཤོག་དངུལ་གྱི་ཨང་ཀི་མང་བོའི་རྩེག་རིམ་ལ་འཁྲུལ་དུས།
སྙན་ངག་ནི་སུ་ལའང་མི་མཁོ་བའིམཁར་གྲོང་འདིའི་གད་སྙིགས་ཏེ།
འཁྱམ་པོ་ཞིག་གི་ཟིན་ཐོར་བབས་པའི་གསེར་མདོག་གི་བདུད་རྩི་ཡིན་སྲིད།

ཚེ་སྲོག་གི་སླད་དུ་སྙན་ངག་འབྲི་བའི་འཐབ་མོ་བ་དག་གིས།
རང་ཉིད་དམར་མཆོད་བྱས་ཏེ་ལྐོག་ཇུས་ལ་རྒོལ་ལན་སློག་པ་ནི།
བླ་སྲོག་ལ་བློ་དཀར་བའི་སྒུལ་སྐྱོམ་ཐེངས་ཤིག་ཡིན་མོད།
རང་རྐྱ་མ་ཐུབ་པའི་མང་བོ་ཞིག་གིས།
རྔུལ་ཁྲག་གིས་བཟོ་སྐྲུན་བྱས་པའི་སྙན་ངག་གི་ཟིན་ཐོ་དེ་དག་ཀྱང༌།
ས་རྡུལ་བཞིན་ཕྱག་སྟེ།
དགུ་ཆུའི་ཕ་རོལ་ལ་དུར་སྦས་བྱེད་དུས།
ཀླུ་ཀླུ་མོ་དག་གིས་ཀྱང་ངུ་ཤུམ་བྱེད་ཀྱིན་འདུག

དེ་ལྟར།  སྙན་ངག་པ་སྤྱི་ཚོགས་ཀྱི་མདུང་ཁ་ནས་ཤི་སྟེ།
སྙན་ངག་ཀྱང་བསམ་བློའི་མུན་ཐང་ནས་འབར་ཙམ་འབར་ཙམ་བྱེད་དུས།
དམྱལ་ཁམས་སུ་འཚོ་བའི་མི་དག་གི་ངོ་གདོང༌།
ད་དུང་ནག་པོ་རེད་དམ།
ངས་དེ་ལྟར་མི་ཚོགས་ལ་དྲི་བ་ཞིག་དྲིས་ན།
ཁྱོད་ཀྱིས་ཅི་ཟེར་རམ།

བདག་མལ་ཁྲིའི་སྟེང་ནས་གཅེར་བུར་བུད་དེ།
སྙན་ངག་རེ་འབྲི་དུས།
ངའི་ཁྲག་དྲིན་གྱིས་སྦར་བའི་དམར་མདོག་གི་བསྒྲགས་ཡིག་དེ་དག་ནི།
རོ་ལངས་ཀྱི་སྔོན་འགྲོ་ཐེངས་ཤིག་སྟེ།
མི་ཚོགས་འདིའི་བྲང་ཁོག་ན་འབར་བའི་སྐད་ཆ་གསོན་པོ་ཞིག་ཡིན་སྲིད།

གང་ལྟར།  བདག་ནི་ཤོག་ལྷེ་བཞིན་འབྱུང་བཞིའི་རླུང་ཁམས་སུ་ཁུར་ཏེ།
ཁ་ཆག་སྣ་རལ་གྱི་མི་རབས་འདིའི་རྐང་འོག་ལ་ལྷུང་དུས།
བདག་གི་རུལ་གྱིན་པའི་སྙན་ངག་ཟིན་ཐོ་འདིའང༌།
དཔེ་སྒྲོམ་ལས་བླངས་ཏེ་རྡུལ་སྤྲུགས་ཐེངས་ཤིག་བགྱིས་ན།
བྲན་གཡོག་གི་མི་འདི་ཚོ།  ད་ལྟ་གཉིད་ལས་སད་རྒྱུ་ཡིན་ནམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་རུལ་གྱིན་པའི་སྙན་ངག་གི་ཟིན་ཐོ།

2013-05-29 ཨོམ་སྲས་བདེ་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།