རྐང་བ་རྨས་པའི་སྤྱང་ཕྲུག

ར་བཟི་དབང་གྲགས།༼བྱང་ཤར་དགེ་འོས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-16


ཁུར་མོང་ཚོ་ལྷགས་རླུང་གི་འཁྱེར་རིམ་བཞིན།
མེ་ཏོག་གིས་ཁྲེལ་དགོད་ཁྲ་ཁྲ་རེ་བྱས།
ཙི་གུ་ཚོ་ཞུམ་བུས་འཛིན་ཐེངས་རེར།
ཧྲེ་མོང་གིས་ཆ་མི་འཚལ་བའི་འཕག་ཚག་ཡང་ཡང་བྱས།
ནག་འུར་འུར་གྱི་རི་ཁུག་ནས་རྫ་ལུང་གི་བར་མཚམས་ན།
ཤ་གཟན་བའི་ས་གཞི་ནམ་ཡང་རྡུལ་འཚུབ་འཚུབ།
རྩྭ་གཟན་བའི་ནམ་མཁའ་སྔར་བཞིན་སྐྱ་ཧྲིག་ཧྲིག
དམོད་མོ་འབོར་གིན་པའི་ལོ་ཟླའི་འཚུབ་ཀར།
སྤྱང་ཕྲུག་གི་རྦབ་རྡོ་སྒྲིལ་ངེས་པ་མི་ཤེས།
ལུ་གུ་ཡི་སྤྱང་ཕྲུག་རྨས་སྲིད་པ་མི་རྟོག
 
ཇེ་རིང་ནས་ཇེ་རིང་དུ་འགྱུར་གིན་པའི་ངུ་སྒྲ་རིང་མོ།
རབ་རིབ་ནས་རབ་རིབ་ཏུ་སོང་བཞིན་པའི་རྐང་རྗེས་ཆུང་ཆུང་།
རྒྱང་རིང་ན་འཚབ་འཚུབ་ཏུ་ཡལ་འགྲོ་བའི་མ་མོ་ཡི་རྒྱབ་གཟུགས།
ད་དུང་།  སྐྱ་ཤུར་རེར་གྲོང་ཤུར་ན་འཐེན་པའི་རྐང་ལམ་ཕྲ་མོ།
རྐང་པ་རྨས་པའི་སྤྱང་ཕྲུག་ལ་དབང་བའི་དྲང་བདེན་གཅིག་པུའོ།
 
ཁ་སང་རྫས་རྡུལ་དང་འཐབ་པའི་རྫི་རྣོ་པོ་དེ།
མདང་ནུབ་སོ་ཁུང་ནས་འཆས་གིན་པའི་ཡ་མེད་ཀྱི་དཔའ་རྩལ།
དེ་རིང་དམག་ཁྲུག་ལ་ཟེངས་འདོད་པའི་སྤུ་སྐྱ་བོ།
སང་ཉིན་བྲག་རྡོ་ལ་བརྡར་ངེས་པའི་མཆེ་བ་དཀར་པོ།
རི་ཁུག་གི་གནམ་ས་གཏན་དུ་བཟུང་འགྲོ་བའི་ངར་སྐད་རེ་རེ།
ནམ་ཞིག་མེ་འོད་ལ་ཡང་མཆོངས་སྲིད་པའི་དོགས་གཞི་ཐ་དག
རེ་ཞིག      རེ་ཞིག
 
རྐང་པ་རྨས་པའི་སྤྱང་ཕྲུག
སུ་ཞིག་གི་བསྐྱུར་ལ་སུ་ཞིག་གི་ཟུར་ཟ་སྤྲད་རུང་།
དྲི་ཚུབ་ཚུབ་ཀྱི་ར་ཕོའི་རིལ་མ་ནག་པོ་དེ་བཟའ་དགོས་བྱུང་རུང་།
ངུ་མི་རུང་།    འདར་མི་རུང་།    འཆི་མི་རུང་།
སྒྱོག་མདེལ་གྱི་བྲང་ཁར་སྒྲེངས་ནུས་པའི་བློས་བླངས་ཁོ་ནས།
ཁྲག་དམར་ཆིལ་ཆིལ་གྱི་ཤ་ཚ་པོ་བཟའ་བའི་རང་གཤིས་གཅིག་པུས།
དབྱར་གཞུང་གི་ཤ་ཕོ་དང་སྟོན་གཞུང་གི་རྐྱང་མོར་འཐབ་དགོས།
ཉམ་ཆུང་གི་ལུ་གུ་དག་ཀྱང་འདེད་དགོས།    བཟའ་དགོས།
ཅི་ནས་ཀྱང… …
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་བ་རྨས་པའི་སྤྱང་ཕྲུག

2013-05-16 ར་བཟི་དབང་གྲགས།༼བྱང་ཤར་དགེ་འོས ཀློག་གྲངས། མཆན ཡོད།


ཁུར་མོང་ཚོ་ལྷགས་རླུང་གི་འཁྱེར་རིམ་བཞིན།
མེ་ཏོག་གིས་ཁྲེལ་དགོད་ཁྲ་ཁྲ་རེ་བྱས།
ཙི་གུ་ཚོ་ཞུམ་བུས་འཛིན་ཐེངས་རེར།
ཧྲེ་མོང་གིས་ཆ་མི་འཚལ་བའི་འཕག་ཚག་ཡང་ཡང་བྱས།
ནག་འུར་འུར་གྱི་རི་ཁུག་ནས་རྫ་ལུང་གི་བར་མཚམས་ན།
ཤ་གཟན་བའི་ས་གཞི་ནམ་ཡང་རྡུལ་འཚུབ་འཚུབ།
རྩྭ་གཟན་བའི་ནམ་མཁའ་སྔར་བཞིན་སྐྱ་ཧྲིག་ཧྲིག
དམོད་མོ་འབོར་གིན་པའི་ལོ་ཟླའི་འཚུབ་ཀར།
སྤྱང་ཕྲུག་གི་རྦབ་རྡོ་སྒྲིལ་ངེས་པ་མི་ཤེས།
ལུ་གུ་ཡི་སྤྱང་ཕྲུག་རྨས་སྲིད་པ་མི་རྟོག
 
ཇེ་རིང་ནས་ཇེ་རིང་དུ་འགྱུར་གིན་པའི་ངུ་སྒྲ་རིང་མོ།
རབ་རིབ་ནས་རབ་རིབ་ཏུ་སོང་བཞིན་པའི་རྐང་རྗེས་ཆུང་ཆུང་།
རྒྱང་རིང་ན་འཚབ་འཚུབ་ཏུ་ཡལ་འགྲོ་བའི་མ་མོ་ཡི་རྒྱབ་གཟུགས།
ད་དུང་།  སྐྱ་ཤུར་རེར་གྲོང་ཤུར་ན་འཐེན་པའི་རྐང་ལམ་ཕྲ་མོ།
རྐང་པ་རྨས་པའི་སྤྱང་ཕྲུག་ལ་དབང་བའི་དྲང་བདེན་གཅིག་པུའོ།
 
ཁ་སང་རྫས་རྡུལ་དང་འཐབ་པའི་རྫི་རྣོ་པོ་དེ།
མདང་ནུབ་སོ་ཁུང་ནས་འཆས་གིན་པའི་ཡ་མེད་ཀྱི་དཔའ་རྩལ།
དེ་རིང་དམག་ཁྲུག་ལ་ཟེངས་འདོད་པའི་སྤུ་སྐྱ་བོ།
སང་ཉིན་བྲག་རྡོ་ལ་བརྡར་ངེས་པའི་མཆེ་བ་དཀར་པོ།
རི་ཁུག་གི་གནམ་ས་གཏན་དུ་བཟུང་འགྲོ་བའི་ངར་སྐད་རེ་རེ།
ནམ་ཞིག་མེ་འོད་ལ་ཡང་མཆོངས་སྲིད་པའི་དོགས་གཞི་ཐ་དག
རེ་ཞིག      རེ་ཞིག
 
རྐང་པ་རྨས་པའི་སྤྱང་ཕྲུག
སུ་ཞིག་གི་བསྐྱུར་ལ་སུ་ཞིག་གི་ཟུར་ཟ་སྤྲད་རུང་།
དྲི་ཚུབ་ཚུབ་ཀྱི་ར་ཕོའི་རིལ་མ་ནག་པོ་དེ་བཟའ་དགོས་བྱུང་རུང་།
ངུ་མི་རུང་།    འདར་མི་རུང་།    འཆི་མི་རུང་།
སྒྱོག་མདེལ་གྱི་བྲང་ཁར་སྒྲེངས་ནུས་པའི་བློས་བླངས་ཁོ་ནས།
ཁྲག་དམར་ཆིལ་ཆིལ་གྱི་ཤ་ཚ་པོ་བཟའ་བའི་རང་གཤིས་གཅིག་པུས།
དབྱར་གཞུང་གི་ཤ་ཕོ་དང་སྟོན་གཞུང་གི་རྐྱང་མོར་འཐབ་དགོས།
ཉམ་ཆུང་གི་ལུ་གུ་དག་ཀྱང་འདེད་དགོས།    བཟའ་དགོས།
ཅི་ནས་ཀྱང… …
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།