ས་ཡོམ་དང་སྐྱོ་དངངས་ཤིག༼ཞར་བཀོད་གཉིས་ཡོད༽

བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-12

        ___༤ ༢༠ཉིན་ལ་བྲིས།

རྒྱུ་འབྲས་གང་ཞིག་གི་རྒྱུ་མ་ཆད་དེ
ཆག་འཇིག་གང་ཞིག་གི་ངུ་ཁ་མ་ལོན་པར
ས་ཡོམ་གྱིས་དུས་ཚོད་བརྒྱད་པ་ཞིག་གི་ནངས་མོ་འཕྲོག་སྟེ
གཡག་རྔ་རང་གཡག་རྔ་མིན་པ་ཞིག་ཏུ་བཏང་ཞིང
མདང་དགོང་གི་རྨི་ལམ་དེ་ཡང་ས་རྡུལ་གྱིས་བྲིས་པའི་གྱང་རོ་ཞིག་ཏུ་བསྒྱུར་ཚར་འདུག

དཔྱིད་ཀའི་ཆར་བ་འབབ་ཐེངས་དང་བོ་དེས
སྐྱོ་དངངས་ཐན་ཐུན་ཞིག་ཁྱོད་དང་ང་ལ་བསྐྱུར་ཞིང
ས་ཡོམ་གྱི་སྡང་མིག་དེ་ཡང་གཡག་རྔར་བལྟས་ཚར

གྲོགས་པོ་ལགས
ཁྱེད་ཀྱི་སྙིང་རྗེ་ཡི་མགོ་བོ་དེ་གོས་ཀྱིས་གཡོག་མེད་ན
ས་ཡོམ་དེ་གཡག་རྔ་གཅིག་པུ་དེར་དབང་ག་ལ་རུང་སྟེ
དེ་ནི་མིའི་རིགས་ཐུན་མོང་གི་མིག་ཆུ་དམར་བོ་སྟེ
དེ་ནི་ས་ཆེན་པོས་ང་ཚོར་བཞག་པའི་སྔོན་བརྡ་དེ་ཡིན་འདུག

ས་ཡོམ་ལྟར་འདར་བའི་ལག་ཟུང་གིས
མིག་ཆུ་དམར་བོ་འཛར་བའི་མཁའ་དབྱིངས་ཤིག་ལ
ས་ཡོམ་དང་སྐྱོ་བ་ཐན་ཐུན་ཞིག་འབྲི་དུས
སྙན་ངག་འདི་ཡང
ངས་ངུ་ཤུམ་བྱས་སྟངས་ཤིག་སྟེ
མིག་ཆུ་དང་སྐྱོ་བའི་མཚོན་སྟངས་གཞན་ཞིག་ལ་བགྲང་ཨེ་ཆོག་གམ
                ༢༠༡༣ ༤ ༢༢

            ཁྱོད་དང་མཉམ་དུ།
ཁྱོད་དང་མཉམ་དུ་རྟ་ལ་ཞོན་ཡོད་རབས་བཤད
མདང་དགོང་གི་རྨི་ལམ་དུ
ཁྱོད་དང་མཉམ་དུ་རྟ་ལ་ཞོན་ནས
ནོར་ལུག་འཚོས་ནས་གླུ་བླངས་ཏེ
སྦྲ་ནག་ཆུང་ཆུང་ཞིག་ལ་བརྩེ་བ་བསྐྱིལ་ཡོད

ཁྱོད་དང་མཉམ་དུ་བུ་ཞིག་སྐྱོང་ཡོད་རབས་བཤད
ཁ་སང་གི་སྣང་བ་རུ
ཁྱོད་དང་མཉམ་དུ་བུ་ཞིག་སྐྱོང་སྟེ
སྙན་ངག་བྲིས་ནས་ཉི་མ་བསྐྱལ་བཞིན
སྙན་ངག་ཟེར་བ་དེ་ཡང་བུ་ཞིག་ལ་རློམ་ཡོད

ཁྱོད་དང་མཉམ་དུ་ཀི་ཞིག་བཏབ་ཡོད་རབས་བཤད
དེ་རིང་གི་བློས་བསླངས་སུ
ཁྱོད་དང་མཉམ་དུ་ཝུ་ཆང་འཐུང་ནས
ཁེར་རྐྱང་གླེང་བཞིན་ན་ཟུག་བསྲན་བཞིན
ཚོར་བ་ཟེར་བ་དེ་ཕྱི་སློག་ནང་སློག་བྱས་ཡོད
          ༢༠༡༣ ༤ ༢༡

          རང་ལ་རི་མོ་ཞིག་བྲིས་ཡོད།
རང་ལ་རི་མོ་ཞིག་བྲིས་ཡོད
ངོ་གདོང་ལ་ཁ་སྤུས་ཁེངས་པ་ཞིག་བྲིས་ཡོད
ལུས་ལ་ཚིལ་དྲེགས་ཀྱིས་སིམ་པ་ཞིག་བྲིས་ཡོད
བསྙེས་འགྲམ་ན་དཔེ་དེབ་འགའ་ལས་མེད་པ་ཞིག་བྲིས་ཡོད
ཁ་ཡག་དང་ངོ་བསྟོད་མེད་པའི་ངོ་གདོང་ཞིག་ཀྱང་བྲིས་ཡོད

རང་ལ་རི་མོ་ཞིག་བྲིས་ཡོད
ལྗང་མདོག་གི་སྤང་ཁུགས་ན་རྒྱང་རིང་ལ་བལྟས་ཡོད་པ་ཞིག་བྲིས་ཡོད
གོམ་པ་དང་གོམ་པའི་སྟངས་སྟབས་ཤིག་བྲིས་ཡོད
ཤོག་བུ་དང་སྨྱུ་གུ་ལས་མེད་པ་ཞིག་བྲིས་ཡོད
འཛུམ་མདངས་དང་སོ་ཕྲེང་བསྟན་ཡོད་པའི་ངོ་གདོང་སྐྱ་བོ་ཞིག་ཀྱང་བྲིས་ཡོད

རང་ལ་རི་མོ་ཞིག་བྲིས་ཡོད
རི་མོ་གཅེར་བུ་བ་ཞིག་བྲིས་ཡོད
ཡིད་ཆེས་ཀྱིས་བཏུམ་པའི་མིག་ཟུང་ཞིག་བྲིས་ཡོད
སྙན་ངག་ཡིན་ཟེར་བའི་ཡིག་ཆོག་འགའ་ལ་འཐམ་ཡོད་པ་ཞིག་བྲིས་ཡོད
མདུན་དུ་བསྲིང་ཡོད་པའི་ལམ་ཕྲན་ཀྱ་ཀྱུ་མ་ཞིག་ཀྱང
ཕུགས་བསམ་ཞེས་པའི་ཚོན་མདོག་ཅིག་གིས་བྲིས་ཡོད
                       ༢༠༡༤ ༤ ༢༡ ས་སྲོད་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཡོམ་དང་སྐྱོ་དངངས་ཤིག༼ཞར་བཀོད་གཉིས་ཡོད༽

2013-05-12 བིས་མདོ་བ་ཆོས་སྐྱོང་།༼དཀར་མཛེས ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།