གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ངའི་གྲོང་ཚོ།

2013-12-09 13:45:00 ཁྱེའུ་ནག་པོ། ཀློག་གྲངས། མཆན ཡོད།

 

 

ཐོག་མའི་ངུ་སྐད
གྲོང་ཚོ་ཆུང་ཆུང་འདིའི་སྒོ་འགྲམ་ནས་མཆེད
སྒོ་ལྕགས་ཀྱི་རྣོ་ཁ
ཐག་རིང་ཐག་རིང་གི་ལོ་ཟླ་སོགས
ང་དང་གྲོང་ཚོ་ཆུང་ཆུང་འདིའི་བརྩེ་བའི་ཕྱི་ནང་གི་མེ་ལོང་ལགས
ད་དུང
འབབ་མ་ཐུབ་པར་ཐེ་སོམ་ཉིའི་རྒྱ་རུ་ཚུད་པའི་་་
གཙང་བོའི་རྩ་ལམ་ན་འགག་པའི་ཁ་བ
སྲོད་ཁའི་མཚམས་སྤྲིན་དང་སྡེབས་པའི་ཉི་མ་ནག་པོ་སོགས
གྲོང་ཚོ་ཆུང་ཆུང་འདིའི་ཕྱི་ནང་ནས་ཆས་ཚུལ
སྤོ་བོས་ང་ལ་བྱིན་པའི་དཔེ་དེབ་ཁྲོད་གསལ

གྲོང་ཚོ་ཆུང་ཆུང་འདི
ང་དང་ངའི་གཏམ་རྒྱུད་ཀྱི་དབུ་ཁྱུད་འབྲི་ས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།