སྐྱོ་གདུང་གི་མིག་ཆུ།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-12-09

                                        ______ཨ་དཀོན་རིན་པོ་ཆེ་སྐུ་གཤེགས་པར།

བྱུར་རྐྱེན་དེ།
རྩིས་འཁོར་གྱི་དྲ་ལམ་ན།
བརྙན་འཕྲིན་གྱི་གསར་ལམ་ན།
ཁ་པར་གྱི་སྐུད་ལམ་ན།
QQདང་སྐད་འཕྲིན་ཁྲོད་ན།
པོད་ཕྲན་དང་ཚགས་པར་ངོས་ན།
མདོར་ན། རྫོགས་རྒྱུ་མེད་པའི་མི་ཚོགས་ཀྱི་གཏམ་གླེང་བར་ན།
རླུང་ལྟར་རྒྱུ། རླབས་བཞིན་མཆེད།
རྒྱུན་ལྡན་མིན་པའི་གནས་ཚུལ་དེ།
འགྲེལ་བཤད་དཀའ་བའི་གནས་ཚུལ་དེ།
རྐྱེན་གང་གིས་བྱས་པ་ཡིན་ནམ།
ལག་དམར་ངོ་མ་དེ་སུ་ཡིན་ནམ།
དྲི་བ་རྫོགས་མེད། དོགས་གཞི་གྲངས་མེད།
ཁོ་བོའི་ཀླད་པར་འཚང་ཁ་བྱས་བྱུང་།
བོད་མི་རེ་རེའི་ཀླད་པར་འཚང་ཁ་བྱས་བྱུང་།
             ༢
ཁོང་གི་ལྷག་བསམ་གྱི་འོད་མདངས་ལ་འཁྱུད་པའི་དྭ་ཕྲུག་ཚོ།
ཁོང་གི་བླ་མེད་ཀྱི་མཛད་འཕྲིན་གྱིས་བསྐྱངས་པའི་མི་བུའི་ཚོགས།
དུས་ད་ལྟ། གང་དུ་འགྲོའང་། སུ་ལ་བརྟེནའང་།
ཁོ་ཚོའི་རྐང་འོག་གི་ས་གཞི་བརྡིབས་སོང་།
ཁོ་ཚོའི་མཐིང་དབྱིངས་ཀྱི་འོད་སྣང་འཕྲོགས་སོང་།
ཁོ་ཚོའི་སེམས་ནང་གི་དྲོད་ཐིགས་དེའང་ཡལ་སོང་།
གཉེན་ཉེ་ཤོར་བའི་སྐྱོ་གར་དེ།
རྒྱུ་ནོར་ཕོངས་པའི་དཀའ་སྡུག་དེ།
ཡང་བསྐྱར་མི་ཡུལ་ནས་འཁྲབ་དགོས་བྱུང་།
            ༣
བྱད་བཞིན་མཆི་མས་སྦངས་པའི་བྱིས་པ་དག་མཐོང་ན།
ལུས་སེམས་སྡུག་གིས་མནར་བའི་མུ་ཏོ་བ་དག་དྲན་ན།
དྲན་ཤེས་གདོན་གྱིས་བསླད་པའི་སྲིན་པོ་དེ་ཚོ།
རིགས་རྒྱུད་ཕངས་ལ་སྦྱོར་བའི་ཞབས་འདྲེན་དེ་ཚོ།
དུམ་བུ་བརྒྱའམ། སྟོང་།
ཡང་ན།
ཁྲི་རུ་གཏོང་འདོད་ཀྱི་ཁོང་ཁྲོ་དྲག་ཏུ་འབར།
ཡིན་ཡང་། དེ་ཡིས་ནི་ཅི་ཞིག་ནུས།
ཨ་དཀོན་ལགས་ང་ཚོ་དང་གཏན་དུ་གྱེས་སོང་བས།
            ༤
སྐུ་ཉིད་སླར་གསོན་ཐུབ་པའི་གདམས་པ་ཞིག་འཚོལ་དུ་མེད་ཀྱང་།
ང་ཚོས་ང་ཚོ་བླུན་པོར་རློམས་མཁན་དག་ལ།
ང་ཚོས་ང་ཚོ་སེམས་ནས་འབོར་མཁན་དག་ལ།
བདེན་པ་དང་གནས་ལུགས་ཀྱི་མདུན་དུ།
རྒྱུ་འབྲས་དང་འཆི་བདག་གི་གམ་དུ།
སུ་ལའང་ཐར་ས་མེད་པའི་བསྒྲགས་གཏམ་སྤེལ།
སྐུ་ཉིད་སླར་གསོན་ཐུབ་པའི་གདམས་པ་ཞིག་འཚོལ་དུ་མེད་ཀྱང་།
ང་ཚོས་ང་ཚོར་སྙིང་རྗེ་བསྐྱེད་མཁན་དག་ལ།
ང་ཚོས་ང་ཚོར་བརྩེ་བ་བཅངས་མཁན་དག་ལ།
ཁོང་གི་གཟི་བརྗིད་དང་སྙིང་སྟོབས་དེའི་ངོ་མཚར་ཞུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་གདུང་གི་མིག་ཆུ།

2013-12-09 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།