དུ་བ་རྐང་གཅིག་འཐེན་པའི་རྗེས་ལ།

 

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
མུན་ནག་གི་ཡོལ་བའི་ངོས་སུ་རི་མོ་ཞིག་རྩེན་ཞིང
དེ་ཡི་ཡལ་འདབ་སྟེང་དུ་ལྷུང་བའི་ཐལ་རྡུལ་ནི
སྐྱེ་བ་ནས་འཆི་བའི་གོ་རིམ་བཞིན
ང་ཡི་ཁྲག་རྩ་སོ་སོ་རུ་སིམ་པས
ཡུན་རིང་ལ་མེ་ཆ་ཞིག་བསྒྲོན་པ་ལྟ་བུའི་ཡིད་དུ
འཇའ་ཡི་ལག་པ་དང་ཁོ་མོའི་མིག་ཟུང་འཆར

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
མེ་ཏོག་ཅིག་རླུང་གིས་བཏོག་པ་ཚོར་ཞིང
རླུང་བུ་མ་ཟིན་པའི་སྣང་བའི་མཛོད་དུ
ཅི་འདི་མེད་པ་དག་ཁ་ཁར་བྱས་ནས་ཁྱབ
དེ་ཡི་གསེང་དང་བར་ན་ལྡིང་བའི་ཕྱེ་ལེབ་ནི
དུས་ཚོད་ཀྱིས་འཚིག་པར་བྱས་ཤིང
ཤུལ་ཏུ་ལྷག་པའི་དུ་བ་ནི
རང་ཉིད་གསོད་བྱེད་དུ་བཞག་པའི་སྟ་རེ་དང་འདྲ

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
ཤེལ་དམ་སྟོང་བའི་ནང་གི་དབྱང་དབུགས
རིམ་པ་དགུ་རུ་འདྲེས་པའི་སྤྲིན་ཕུང་ལ་གྱུར་ནས
ཤར་ལྷོ་ནུབ་བྱང་ཀུན་ལ་བསྐྱོད

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
རང་ཉིད་ནི་མེ་ལོང་དུ་ལྷུང་བའི་འབག་སྐུ་ཞིག་སྟེ
འབྱུང་བཞིའི་བརྡབ་གསིག་གིས་འོག་ཏུ་ཚུད་པ་ཀུན
ང་དང་འདྲ་བར་སྐད་ཅིག་ངང་ཡལ་སྲིད་པས
རྟག་པར་ངེས་པའི་ཚོད་དཔག་གི་དཔྱངས་ཐག
མུ་རུ་ཆད་དེ་དུད་སྨིག་ཏུ་འཐིམས
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ།

2013-11-20 རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
མུན་ནག་གི་ཡོལ་བའི་ངོས་སུ་རི་མོ་ཞིག་རྩེན་ཞིང
དེ་ཡི་ཡལ་འདབ་སྟེང་དུ་ལྷུང་བའི་ཐལ་རྡུལ་ནི
སྐྱེ་བ་ནས་འཆི་བའི་གོ་རིམ་བཞིན
ང་ཡི་ཁྲག་རྩ་སོ་སོ་རུ་སིམ་པས
ཡུན་རིང་ལ་མེ་ཆ་ཞིག་བསྒྲོན་པ་ལྟ་བུའི་ཡིད་དུ
འཇའ་ཡི་ལག་པ་དང་ཁོ་མོའི་མིག་ཟུང་འཆར

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
མེ་ཏོག་ཅིག་རླུང་གིས་བཏོག་པ་ཚོར་ཞིང
རླུང་བུ་མ་ཟིན་པའི་སྣང་བའི་མཛོད་དུ
ཅི་འདི་མེད་པ་དག་ཁ་ཁར་བྱས་ནས་ཁྱབ
དེ་ཡི་གསེང་དང་བར་ན་ལྡིང་བའི་ཕྱེ་ལེབ་ནི
དུས་ཚོད་ཀྱིས་འཚིག་པར་བྱས་ཤིང
ཤུལ་ཏུ་ལྷག་པའི་དུ་བ་ནི
རང་ཉིད་གསོད་བྱེད་དུ་བཞག་པའི་སྟ་རེ་དང་འདྲ

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
ཤེལ་དམ་སྟོང་བའི་ནང་གི་དབྱང་དབུགས
རིམ་པ་དགུ་རུ་འདྲེས་པའི་སྤྲིན་ཕུང་ལ་གྱུར་ནས
ཤར་ལྷོ་ནུབ་བྱང་ཀུན་ལ་བསྐྱོད

དུ་བ་རྐང་གཅིག་འཐེན་པའི་རྗེས་ལ
རང་ཉིད་ནི་མེ་ལོང་དུ་ལྷུང་བའི་འབག་སྐུ་ཞིག་སྟེ
འབྱུང་བཞིའི་བརྡབ་གསིག་གིས་འོག་ཏུ་ཚུད་པ་ཀུན
ང་དང་འདྲ་བར་སྐད་ཅིག་ངང་ཡལ་སྲིད་པས
རྟག་པར་ངེས་པའི་ཚོད་དཔག་གི་དཔྱངས་ཐག
མུ་རུ་ཆད་དེ་དུད་སྨིག་ཏུ་འཐིམས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།